འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་དང་ལག་རྩལ་གསར་པ་གཅིག་ཏུ་འདུས་པའི་རི་པིན་གྱི་ཁོར་
    ཡུག་དང་ནུས་རྒྱུའི་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་10ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོའི“ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་·ཁོར་ཡུག་དང་ནུས་རྒྱུའི་འབྱུང་འགྱུར་འགྲེམས་སྟོན”ཞེས་པ་ཚེས་8ཉིན་ཐོ་ཁེའོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་། འགྲེམས་སྟོན་དེའི་ནང་འགྲེམས་ཞུགས་ཚོང་པ་730ཙམ་གྱིས་ཉིན་3རིང་ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་དང་ནུས་རྒྱུའི་ལག་རྩལ་དང་ཞབས་ཞུ་སོགས་གསར་ཤོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་ཁེ་ལས་ཀྱང་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།
           འགྲེམས་ཞུགས་རི་པིན་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་རླངས་འཁོར་དང་། ལྗང་མདོག་ནུས་རྒྱུ། ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས། སྣོད་བཅུད་རྒྱུ་ཆ། ཐོན་ཁུངས་ཕྱིར་བསྡུ་བསྐྱར་སྤྱོད་སོགས་ཁྱབ་ཁོངས་ཚུད་ཡོད། ཧྥུང་ཐན་དང་པེན་ཐན་སོགས་ཀུང་སིས་ཀྱང་རང་ཀུང་སིའི་འབུད་རྫས་གློག་རྫས་ལག་རྩལ་དང་གློག་སྒུལ་རླངས་འཁོར་གསར་ཤོས་སོགས་ཁག་སོ་སོར་འགྲེམས་སྟོན་བྱས་ཡོད། སན་ལིང་གློག་འཕྲུལ་ཀུང་སིས་ཉིན་རེའི་རྒྱུན་གཏན་འཚོ་བའི་རྣམ་པའི་ཐོག་ནས་དྲོད་སྙོམས་དང་ཆུ་གཙང་འཕྲུལ་ཆས་སོགས་རྣམ་པ་སྣ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཚན་རྩལ་ཐོན་རྫས་འགྲེམས་སྟོན་བྱས་ཡོད། ཏུང་ལི་ཀུང་སིས་ཐཱན་གྱི་ཚི་སྣའི་ཐོན་རྫས་དང་གནམ་གྲུ་བཟོ་བའི་ལག་རྩལ་སོགས་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་སྟངས་འགྲེམས་སྟོན་བྱས་ཡོད།
          ཐོན་རྫས་དང་ལག་རྩལ་འགྲེམས་སྟོན་བྱས་པ་ཕུད་སྐབས་འདིའི་འགྲེམས་ཚོགས་ཀྱིས་ད་དུང་གཞོན་ནུ་ལོ་ཆུང་ཁྲོད་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱས་ཡོད། དཔེར་ན་འགྲེམས་ཁུལ་མང་པོར་གཞོན་ནུ་ལོ་ཆུང་ཚོས་སྦྱོང་བདེ་རྟོགས་སླའི་ཐོན་རྫས་དང་མྱོང་རོལ་ཁུལ་བཀོད་སྒྲིག་བྱས་ནས་སློབ་གྲྭས་སྒྲིག་འཛུགས་བྱས་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་འགྲེམས་སྟེགས་ཁག་ཏུ་བསྐྱོད་དེ་ཁོང་ཚོས་དགའ་པོ་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་བརྗོད་གཞི་ཉམས་སུ་མྱོང་བ་དང་། ཉན་པ། སྤེལ་རེས། ཟིན་ཐོ་འགོད་པ་བཅས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།