འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་སྲིད་གཞུང་དང་ཨ་ལི་པཱ་པཱས་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་འགོ་བཙུགས་
    ནས་ཐེ་ལན་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་རའི་ལས་སྟེགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཐེ་ལན་སྲིད་གཞུང་དང་ཨ་ལི་པཱ་པཱས་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་འགོ་བཙུགས་
ནས་ཐེ་ལན་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་རའི་ལས་སྟེགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་གྱི་སྔ་དྲོར། ཐེ་ལན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་སུང་ཅི་(Somkid Jatusripitak)ཡིས་མི་གྲངས་བརྒྱ་ལ་ཉེ་བའི་སྲིད་ཚོང་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཨ་ལི་པཱ་པཱའི་ཧང་ཀྲོའུ་སྤྱི་ཁྱབ་པུའུ་རུ་འབྱོར་བ་རེད། ཐེ་ལན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་ཡིས་ཨ་ལི་པཱ་པཱ་དང་མཉམ་དུ་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་བཀོད་དེ། གློག་རྡུལ་ཚོང་ར་འཕེལ་རྒྱས་དང་གློག་རྡུལ་ཚོང་རའི་ཤེས་ལྡན་མི་སྣ་གསོ་སྐྱོང་། ཟོག་འདྲེན་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་སོགས་ཀྱི་ཁྱབ་ཁོངས་མང་པོར་མཉམ་ལས་འཛུགས་པར་བརྟེན་ནས་“ཐེ་ལན་4.0”དང་ཐེ་ལན་རྒྱལ་ཁབ་ཀྱི་གྲངས་ཀའི་དཔལ་འབྱོར་འཐབ་ཇུས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་པ་རེད།
         སུང་ཅི་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཏུ་བསྟན་དོན། ཐེ་ལན་སྲིད་གཞུང་གིས་ཐེ་ལན་གྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་ཏོང་བར་ཤུགས་སྣོན་རྒྱག་བཞིན་ཡོད་ལ། ཐེ་ལན་གྱི་སྒེར་གཉེར་སྡེ་ཁག་དང་ཁེ་ལས་འབྲིང་ཆུང་དག་གི་ཚན་རིག་ལག་རྩལ་མཐོ་རུ་གཏོང་དགོས་འདུག དེ་རིང་ཨ་ལི་པཱ་པཱར་ཡོང་དོན་ནི་ཨ་ལི་པཱ་པཱའི་གློག་རྡུལ་ཚོང་རའི་སྟོབས་ཤུགས་ཆེ་བའི་དབང་གིས་མ་ཡིན་པར། ཨ་ལི་པཱ་པཱའི་སྐྱེ་ཁམས་མ་ལག་ཆེན་པོར་བརྟེན་ནས་ཐེ་ལན་རྒྱལ་ཁབ་ལ་དཔལ་འབྱོར་མ་ལག་གསར་པ་ཞིག་བསྐྲུན་ནས་“ཐེ་ལན་4.0”ལ་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་ཡིན་ཟེར།
    【1】  【2】  【3】  【4】
    ༄༅།།ཐེ་ལན་སྲིད་གཞུང་དང་ཨ་ལི་པཱ་པཱས་ཕྱོགས་ཡོངས་ནས་མཉམ་འབྲེལ་བྱེད་འགོ་བཙུགས་
ནས་ཐེ་ལན་རྒྱལ་ཁབ་ཀྱི་གློག་རྡུལ་ཚོང་རའི་ལས་སྟེགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།