འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཧྥུ་ཀུའུ་རྫོང་གི"10.24"ཡི་འབར་གས་དོན་རྐྱེན་རྩད་གཅོད་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲའན་ཤིས་ཧྥུ་ཀུའུ་རྫོང་གི'10.24'ཡི་འབར་གས་དོན་རྐྱེན་རྩད་གཅོད་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན། གསར་འགོད་པས་ཧྲའན་ཤིས་ཞིང་ཆེན་ཧྥུ་ཀུའུ་རྫོང་(陕西省府谷县)གི"10.24"ཡི་འབར་གས་དོན་རྐྱེན་ཉེན་སེལ་རོགས་སྐྱོབ་འགོ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་10ཚེས་24ཉིན་གྱི་ཆུ་ཚོད་14དང་སྐར་མ་3སྐབས། ཧྥུ་ཀུའུ་རྫོང་ཤིན་མིན་གྲོང་རྡལ་ཏ་ཅིང་ཐ་གྲོང་ཚོའི་ངར་ལྕགས་ཚོན་ཅན་གྱི་སྡོད་ཁང་5ཡི་ནང་དུ་འབར་གས་དོན་རྐྱེན་བྱུང་བ་རེད། ཚེས་25ཉིན་གྱི་ཆུ་ཚོད་16བར་དུ། དོན་རྐྱེན་ལས་མི་14རྐྱེན་ལམ་དུ་ཤོར་བ་དང་། མི་106ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ཞིང་། དེའི་ནང་མི་11ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད།
         ཚེས་25ཉིན་ཐོ་རེངས་ཀྱི་ཆུ་ཚོད་2དང་སྐར་མ་30ཐོག ཆེས་མཐའ་མཇུག་གི་ཉེན་ཁར་ཚུད་པའི་མི་མྱུར་སྐྱོབ་བྱས་སྟབས། དོན་རྐྱེན་བྱུང་ཡུལ་དངོས་ཀྱི་འཚོ་སྐྱོབ་ལས་ཀ་སྤྱིར་མཇུག་རྫོགས་པ་དང་། རྗེས་འཇུག་ལས་དོན་ཁག་དུས་ཚོད་དམ་འཛིན་ངང་བསྒྲུབ་པ་རེད། བརྟག་དཔྱོད་བྱས་པ་བརྒྱུད། འབར་གས་དོན་རྐྱེན་ནི་ཁྲིམས་འགལ་ངང་འབར་གས་གཏོར་རྫས་བཟོས་པ་དང་གསོག་ཉར་བྱས་པ་ལས་བྱུང་བ་རེད། ཧྲའན་ཤིས་དང་ནང་སོག་ཕྱོགས་གཉིས་ཀྱི་ཉེན་རྟོག་པས་མཉམ་ལས་དམ་ཟབ་བྱས་པས། ཚེས་25ཉིན་གྱི་ཐོ་རེངས་སྐབས། དོགས་ཡོད་ཉེས་ཅན་གསུམ་པོ་འཛིན་བཟུང་ཁྲིམས་སྦྱོར་ཐུབ་པ་མ་ཟད། འབྲེལ་ཡོད་འགན་ཁུར་མི་སྣ་ཡང་ཚོད་འཛིན་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གསུམ་པོས་ཁྲིམས་འགལ་ངང་འབར་གས་གཏོར་རྫས་བཟོས་པ་དང་གསོག་ཉར་བྱས་པར་ངོས་ལེན་གཙང་འབུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།