འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཉེན་རྟོག་སློབ་གླིང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་
    གྲངས་60རྐྱེན་ལམ་ཤོར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་26ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཉེན་རྟོག་སློབ་གླིང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་
གྲངས་60རྐྱེན་ལམ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ10ཚེས25ཉིན་ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བ་ལྟར་ན། ཟླ་10ཚེས་24ཉིན་གྱི་དགོང་མོར་ཕ་ཁི་སི་ཐན་རྒྱལ་ཁབ་ལྷོ་ནུབ་རྒྱུད་པི་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁུའེ་ཏ་(俾路支省首府奎达)ཡི་ཉེན་རྟོག་པ་གསོ་སྐྱོང་སྦྱོང་བརྡར་སློབ་གླིང་ཞིག་ལ་དྲག་ཆས་པའི་འཇབ་རྒོལ་ཐེབས་ཤིང་། གསར་འགོད་པས་གསར་འགྱུར་སྤེལ་བའི་བར་དུ་འཇབ་རྒོལ་ཐེབས་པ་ལས་ཉུང་མཐར་ཡང་མི་གྲངས་60རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གྲངས་165ལ་རྨས་སྐྱོན་ཕོག་པ་རེད།
         ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་མཐའ་སྲུང་དམག་དཔུང་གི་དཔོན་པོ་ཞིག་གིས་མཚམས་སྦྱོར་བྱས་ནས་བཤད་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་11དང་སྐར་མ་10ཡི་སྟེང་དུ་མཚོན་ཆ་ཆེ་རིགས་ཁྱེར་བ་དང་རང་ལྕེབས་ཅན་གྱི་འབར་མདེལ་ཤ་འགག་གྱོན་པའི་དྲག་ཆས་པ་3དོན་རྐྱེན་བྱུང་བའི་ཉེན་རྟོག་པ་གསོ་སྐྱོང་སྦྱོང་བརྡར་སློབ་གླིང་དུ་ལྐོག་འཛུལ་བྱས་ཏེ་ཐེངས་འདིའི་འཇབ་རྒོལ་བཟོས་པ་རེད། འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་མཐའ་སྲུང་དམག་དཔུང་དང་ཕ་ཁི་སི་ཐན་རྒྱལ་ཁབ་དམག་ཕྱོགས་ཀྱི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་འཕྲལ་མར་དོན་རྐྱེན་བྱུང་ཡུལ་དངོས་སུ་ཕྱིན་ནས་དྲག་ཆས་པ་དང་ཆུ་ཚོད་4རིང་གི་དམག་འཛིང་བྱས་ཏེ་འཇབ་རྒོལ་པ་1བསད་མོད། འོན་ཀྱང་འཇབ་རྒོལ་པ་གཞན་2ཀྱིས་ལུས་སྟེང་གི་འབར་མདེལ་ཤ་འགག་འབར་གས་བྱེད་དུ་བཅུག་པས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པ་རེད། འཇབ་རྒོལ་དོན་རྐྱེན་བྱུང་བའི་རྗེས་སུ་རྨས་མ་རྣམས་ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། རྨས་སྐྱོན་ཚབས་ཆེན་ཕོག་མཁན་་རྨས་མ་ཁ་ཤས་ཕ་ཁི་སི་ཐན་རྒྱལ་ཁབ་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཁཱ་ལ་ཆི་རུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།