༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 10ཚེས་21ཉིན། 10:06】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
ཞི་བདེའི་བྱ་དགའ།
ནོར་ཝེ་རྒྱལ་ཁབ་ཀྱི་ནོ་པེར་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེ་ཕུའུ་ཡིས་ཟླ་10ཚེས་7ཉིན་2016ལོའི་ནོ་པེར་ཞི་བདེའི་བྱ་དགའ་དེ་ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱང་ཐའོ་སི་སྤྲོད་རྒྱུ་དང་། ཁོང་གིས་རྒྱལ་ཁབ་དེ་གའི་ལོ་50རིང་གི་ནང་འཁྲུག་ཞི་འཇགས་འབྱུང་བར་འབད་བརྩོན་བྱས་པ་ལ་གཟེངས་བསྟོད་བྱས་པ་ཡིན་ཞེས་བསྒྲགས་པ་རེད། ཧྥེ་ཕུའུ་ཡིས་དཀའ་ཁག་གང་མང་ཞིག་བྱུང་ན་ཡང་ཁོ་ལོམ་པི་ཡ་མི་དམངས་ཀྱིས་དྲང་བདེན་གྱི་ཞི་བདེ་འཚོལ་བའི་རེ་བ་བཏང་མ་མྱོང་བ་རེད། བྱ་དགའ་རྣམ་གྲངས་འདིས་དུས་མཚུངས་སུ་ཁོ་ལོམ་པི་ཡ་མི་དམངས་དང་གཞན་ད་དུང་ཞི་བདེ་འཕེལ་རིམ་ལ་ཞུགས་པའི་ཕྱོགས་སོ་སོར་གུས་འདུད་ཞུས་པ་དེ་མཚོན་ཡོད་ཅེས་བརྗོད་པ་རེད།
【1】
【2】
【3】
【4】
【5】
【6】
 |
སཱང་ཐའོ་སི |