འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།
         དཔལ་འབྱོར་རིག་པའི་བྱ་དགའ།
         སུའེ་ཏེན་རྒྱལ་ཁབ་སི་ཐོ་ཁོར་མོའི་ས་གནས་དུས་ཚོད་ཟླ་10ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་45ཐོག་2016ལོའི་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཨོ་ལི་ཧྥུ་ཧ་ཐི་(Oliver Hart)དང་པེན་ཐི་ཧོལ་མུ་སི་ཐི་རོ་མུ་(Bengt Holmstr?m)གཉིས་ལ་བྱ་དགའ་འདི་ཐོབ་པ་དང་། ཁོང་གཉིས་ཀྱིས་གན་འཛིན་རིགས་པའི་གཞུང་ལུགས་ལ་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པ་རེད།
         ཨོ་ལི་ཧྥུ་ཞི་མེན་ཏ་ཞི་ཧ་ཐི་(Oliver Hart)ནི་1948ལོར་དབྱིན་ཇི་ནས་སྐྱེས་པ་དང་། དངོས་གཞི་སློབ་གནས་ནི་ལོན་ཏོན་རྒྱལ་པོའི་སློབ་གླིང་ནས་བཏོན་པ་དང་། གཙོ་བོ་རྩིས་རིག་ལ་སློབ་གཉེར་བྱས་པ་རེད། ཞིབ་འཇུག་སློབ་མ་ནི་དབྱིན་ཇིའི་ཧྭ་ཝེ་སློབ་ཆེན་དུ་བཏོན་པ་དང་། གཙོ་བོ་ནི་དཔལ་འབྱོར་རིག་པར་སློབ་སྦྱོང་བྱས་པ་རེད། འབུམ་རམས་པ་ནི་ཨ་རིའི་པུའུ་ལིན་སི་ཐོན་སློབ་ཆེན་དུ་བཏོན་པ་དང་། ད་ལྟ་ནི་ཨ་རིའི་ཧྭ་ཝོར་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་ཡིན་པ་རེད།
          པེན་ཐི་ཧོལ་མུ་སི་ཐི་རོ་མུ་(Bengt Holmstr?m)ནི་1949ལོར་ཧྥིན་ལན་རྒྱལ་ཁབ་ཀྱི་ཧེར་སིན་ཁི་གྲོང་ཁྱེར་དུ་སྐྱེས་ཤིང་། 1978ལོར་ཨ་རིའི་སི་ཐན་ཧྥུ་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་ནི་ཨ་རིའི་མཱ་ཧྲེང་རང་བྱུང་བཟོ་སྐྲུན་སློབ་གླིང་གི་དཔལ་འབྱོར་དང་དོ་དམ་རིག་པའི་དགེ་རྒན་ཆེ་མོ་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】
    ཨོ་ལི་ཧྥུ་ཞི་མེན་ཏ་ཞི་ཧ་ཐི་(Oliver Hart)
    ཨོ་ལི་ཧྥུ་ཞི་མེན་ཏ་ཞི་ཧ་ཐི་(Oliver Hart)
    པེན་ཐི་ཧོལ་མུ་སི་ཐི་རོ་མུ(Bengt Holmstr?m)
    པེན་ཐི་ཧོལ་མུ་སི་ཐི་རོ་མུ(Bengt Holmstr?m)
      

    ཕྱོགས་བསྡུས་གསར་འགྱུར།