འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།
         རྫས་འགྱུར་རིག་པའི་བྱ་དགའ།
         ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་5ཉིན། 2016ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་དེ་ཧྥ་རན་སེའི་སི་ཐི་ར་སི་པའོ་སློབ་ཆེན་གྱི་ཅེན་ཕི་ཨེར་སུའུ་ཝ་(Jean-Pierre Sauvage)དང་ཨ་རིའི་ནུབ་བྱང་སློབ་ཆེན་གྱི་ཅན་མུའུ་སི་ཧྥུ་ལའེ་ཙི་སི་ཐོ་ཐ་ཏ་ཐི།(Sir J.Fraser Stoddart) ཧོ་ལེན་གྱི་གུ་རའོ་ཉི་གུན་སློབ་ཆེན་གྱི་པེར་ནར་ཏི་ཧྥེ་རིན་ག་(Bernard L.Feringa)བཅས་ལ་སྤྲད་དེ་ཁོང་ཚོས་ཆ་རྡུལ་འཕྲུལ་འཁོར་གྱི་ཇུས་འགོད་དང་འདྲེས་གྲུབ་ཕྱོགས་ལ་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱས་པ་རེད།
         ཅེན་ཕི་ཨེར་སུའུ་ཝ་(Jean-Pierre Sauvage)ནི་1944ལོར་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཕ་རི་སི་གྲོང་ཁྱེར་ནས་སྐྱེས་ཤིང་། མིག་སྔར་ཁོང་ནི་ཧྥ་རན་སེའི་སི་ཐི་ར་སི་པའོ་སློབ་ཆེན་གྱི་མཚན་འཛིན་ངལ་གསོ་དགེ་རྒན་ཆེ་མོ་དང་ཧྥ་རན་སེ་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་མཚན་འཛིན་ཀྲུའུ་རེན་ཡིན་པ་རེད།
         རྗེ་སི་ཅན་མུའུ་སི་ཧྥུ་ལའེ་ཙི་སི་ཐོ་ཐ་ཏ་ཐི་(Sir J.Fraser Stoddart)ནི་1942ལོར་དབྱིན་ཇི་ཨར་ཏིང་པའོ་ནས་སྐྱེས་ཤིང་། མིག་སྔར་ཨ་རིའི་ནུབ་བྱང་སློབ་ཆེན་དུ་ཕྱག་ལས་གནང་བཞིན་ཡོད་པ་རེད།
         པེར་ནར་ཏི་ཧྥེ་རིན་ག་(Bernard L.Feringa)ནི་1951ལོར་ཧོ་ལན་རྒྱལ་ཁབ་ཀྱི་པ་ཀེ-ཁང་ཕ་སི་ཁོ་མུའུ་ནས་སྐྱེས་ཤིང་། མིག་སྔར་ཧོ་ལེན་གྱི་གུ་རའོ་ཉི་གུན་སློབ་ཆེན་དུ་སྐྱེ་ལྡན་རྫས་འགྱུར་གྱི་དགེ་རྒན་ཆེ་མོའི་འགན་ཁུར་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
    ཅེན་ཕི་ཨེར་སུའུ་ཝ(Jean-Pierre Sauvage)
      

    ཕྱོགས་བསྡུས་གསར་འགྱུར།