འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2016ལོའི་ནོ་པེར་བྱ་དགའ་ཁག་མི་སུ་སུ་ལ་ཐོབ་ཡོད་དམ།
         དངོས་ལུགས་རིག་པའི་བྱ་དགའ།
         སུའེ་ཏེན་རྒྱལ་ཁབ་སི་ཐོ་ཁོར་མོའི་ས་གནས་དུས་ཚོད་ཟླ་10ཚེས་4ཉིན། སུའེ་ཏེན་གོང་མའི་ཚན་རིག་སློབ་གླིང་གིས་2016ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་དེ་ཏ་ཝེ་ཊི་སོའུ་ལེ་སི་དང་ཏུན་ཁན་ཧལ་ཏན། མི་ཁེར་ཁོ་སི་ཐེར་ལི་ཚི་བཅས་ལ་སྤྲོད་རྒྱུ་ཡོངས་བསྒྲགས་བྱས་ཏེ་ཁོང་ཚོས་དངོས་པོའི་ཐོ་ཕུབ་མཚན་འགྱུར་དང་ཐོ་ཕུབ་མཚན་གྱི་སྐོར་ནས་གཞུང་ལུགས་གལ་ཆེན་ཤེས་རྟོགས་བྱུང་བར་གཟེངས་བསྟོད་བྱས་པ་རེད།
         ཏ་ཝེ་ཊི་སོའུ་ལེ་སི་(David J. Thouless)ནི་1934ལོར་སྐྱེས་ཤིང་། དབྱིན་ཇི་དང་ཨ་རི་རྒྱལ་ཁོངས་གཉིས་སུ་གཏོགས་པའི་ཀྱི་ཐོབ་ཐང་ཡོད་པའི་འདུས་རྡུལ་མང་བའི་དངོས་ལུགས་རིག་པ་བ་ཞིག་ཡིན་པ་དང་། ཝོ་ཨར་ཕུའུ་བྱ་དགའ་ཐོབ་མྱོང་ལ། མིག་སྔར་ནི་ཨ་རིའི་ཝ་ཧྲིན་ཐོན་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་ཡོད་པ་རེད། 
         ཏུན་ཁན་ཧལ་ཏན་(F. Duncan M. Haldane)ནི་1951ལོར་སྐྱེས་ཤིང་། དབྱིན་ཇི་ཡི་དངོས་ལུགས་རིག་པ་བ་ཞིག་ཡིན། ཞིབ་འཇུག་ཁྱབ་ཁོངས་ནི་དཀག་འདུས་རྣམ་པའི་དངོས་ལུགས་རིག་པ་ཡིན་པ་དང་། མིག་སྔར་ཨ་རིའི་ཕུའུ་ལིན་སི་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཡིན་པ་རེད།
         མི་ཁེར་ཁོ་སི་ཐེར་ལི་ཚི་(J. Michael Kosterlitz)ནི་1942ལོར་དབྱིན་ཇི་ཨ་པའོ་ཏིང་ནས་སྐྱེས་ཤིང་། 1969ལོར་དབྱིན་ཇི་ཉིའུ་ཅིན་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་ཐོབ། མིག་སྔར་ཨ་རིའི་པུ་ལཱང་སློབ་ཆེན་གྱི་དངོས་ལུགས་རིག་པའི་དགེ་རྒན་ཆེ་མོ་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】
    ཏ་ཝེ་ཊི་སོའུ་ལེ་སི(David J. Thouless)
    ཏ་ཝེ་ཊི་སོའུ་ལེ་སི(David J. Thouless)
    ཏུན་ཁན་ཧལ་ཏན(F. Duncan M. Haldane)
    ཏུན་ཁན་ཧལ་ཏན(F. Duncan M. Haldane)
    མི་ཁེར་ཁོ་སི་ཐེར་ལི་ཚི(J. Michael Kosterlitz)
    མི་ཁེར་ཁོ་སི་ཐེར་ལི་ཚི(J. Michael Kosterlitz)
      

    ཕྱོགས་བསྡུས་གསར་འགྱུར།