འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་རྒྱུན་གཏན་གྱི་བགྲོད་ལམ་ཐོག་བསྐྱར་ལོག་
    བྱུང་བ་ནི་གཏམ་བཟང་ཞིག་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཡང་དག་བགྲོད་ལམ་ཐོག་བསྐྱར་ལོག་བྱུང་བ་དེ་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཡིན་ནའང་འདྲ། ཡང་ན་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་རྒྱུ་ཚང་མའི་ངོས་ནས་བརྗོད་ཚེ་གཏམ་བཟང་ཞིག་རེད་ཅེས་གསུངས་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ནུབ་ཕྱོགས་ཀྱི་སྨྱན་སྦྱོར་ཁག་གཅིག་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ཀྲུང་གོར་འཚམས་འདྲིར་བསྐྱོད་པར་དོ་ཁུར་ཆེན་པོ་བྱེད་པ་དང་དེའི་ནང་ནས་སྨྱན་སྦྱོར་ལ་ལས་རྣམ་འགྱུར་གྲང་ཤུར་ཤུར་བསྟན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་པར།
         ཧྭ་ཁྲུན་ཡིང་གིས་དེ་ག་རང་རེད། སྨྱན་སྦྱོར་ཧ་ཅང་མང་པོ་ཞིག་གིས་ཙུང་ཐུང་ཏུའུ་ཐེར་ཐེ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དོ་ཁུར་བྱེད་ཀྱི་འདུག ད་ཐེངས་ཀྱི་འཚམས་འདྲིའི་ཐད་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚོས་དགའ་ཚོར་དང་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་མི་ལ་ལས་སེམས་ཁྲལ་དང་སྐྱོ་སྣང་སྣ་ཚོགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཁོང་གིས“ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཡང་དག་བགྲོད་ལམ་ཐོག་བསྐྱར་ལོག་བྱུང་བ་དེ་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཡིན་ནའང་འདྲ། ཡང་ན་ས་ཁུལ་ཞི་བདེ་བརྟན་ལྷིང་ཚང་མའི་ངོས་ནས་བརྗོད་ཚེ་གཏམ་བཟང་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་དངོས་འབྲེལ་ཡོང་བ་བྱེད་མཁན་ཡིན་ཕྱིན་དེའི་ཐད་དགའ་བསུའི་རྣམ་འགྱུར་འཛིན་ངེས་ཡིན”ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།