འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བདུན་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་
    པེ་ཅིང་དུ་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 17:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་བདུན་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་
པེ་ཅིང་དུ་མཇུག་བསྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་12ཉིན་ནས་ཚེས་18ཉིན་བར་གྱི་དུས་ཡུན་ཉིན་7རིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་དང་། པེ་ཅིང་བོད་སྨན་ཁང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་བཅས་ཀྱིས་མཉམ་དུ་སྒྲུབ་པའི་སྐབས་བདུན་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་མཇུག་སྒྲིལ་མཛད་སྒོ་ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14ཐོག་པེ་ཅིང་བོད་སྨན་ཁང་གི་ཐོག་བརྩེགས་ལྔ་བའི་ནུས་མང་ཚོམས་ཆེན་དུ་འཚོགས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡེན་ཧྭ་དང་། པེ་ཅིང་བོད་སྨན་ཁང་གི་ཏང་ཨུ་ཧྲུའུ་ཅི་ཝང་ཝེ་ཆང་། པེ་ཅིང་བོད་སྨན་ཁང་གི་འགན་འཛིན་གཞོན་པའམ་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སྒྲོལ་དཀར་སྐྱབས། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་བསྟན་པ་དར་རྒྱས། གཞན་ད་དུང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་མཁས་དབང་ཏང་འཛིན་ལགས་ཀྱང་སློབ་མཇུག་སྒྲིལ་བའི་མཛད་སྒོར་ཕེབས་ཡོད་པ་རེད། མཇུག་སྒྲིལ་མཛད་སྒོ་ནི་པེ་ཅིང་བོད་སྨན་ཁང་གི་ཚན་རིག་ཞིབ་འཇུག་སློབ་ཁྲིད་ཁུའུ་ཡི་ཁྲུའུ་ཀྲང་གཞོན་པ་གཅོད་པ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ལས་འཛིན་གཞོན་པ་ལིའུ་ཡེན་ཧྭ་དང་སྨན་ཁང་གི་འགན་འཛིན་གཞོན་པ་སྒྲོལ་དཀར་སྐྱབས་གཉིས་ཀྱིས་གཏམ་བཤད་གལ་ཆེན་གནང་བ་རེད།
         ཐེངས་འདིའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་པེ་ཅིང་དང་། བོད་རང་སྐྱོང་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་ས་ཁུལ་བདུན་གྱི་བོད་ལུགས་གསོ་རིག་ལས་གཉེར་གྱི་མི་150ལྷག་ཞུགས་ཡོད་པ་དང་། སློབ་མ་སྟོང་ཕྲག་ལྷག་རྒྱང་ཁྲིད་ཟབ་སྦྱོང་ལ་ཞུགས་པ་རེད། མཇུག་སྒྲིལ་མཛད་སྒོ་ཐོག་གཙོ་གཉེར་ཕྱོགས་འགོ་ཁྲིད་པས་སློབ་མ་རེ་རེར་སློབ་མཇུག་སྒྲིལ་བའི་ལག་ཁྱེར་དང་རྒྱལ་ཁབ་Iརིགས་ཀྱི་མུ་མཐུད་སློབ་གསོའི་སློབ་སྐར་དཔང་ཡིག་སྤྲད་པ་རེད།
    ༄༅།།སྐབས་བདུན་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་
པེ་ཅིང་དུ་མཇུག་བསྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།