འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཚད་ལོར་ཐེངས་
    5000ཙམ་ཟིན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་17ཉིན། གོང་ཚེས་ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2020ལོར་སླེབས་སྐབས་རང་རྒྱལ་དུ་གཞི་རྩའི་ཆ་ནས་བཀོད་སྒྲིག་ལུགས་མཐུན་དང་། སྒྲིག་བཀོད་ཆ་ཚང་། དབོར་ཚད་བརྟན་པོ། སྟབས་བདེ་ནུས་ཆེ། བདེ་འཇགས་ཤར་གཏོང་བཅས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་ཆགས་རྒྱུ་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་ཚད་ལོར་ཐེངས་5000ཙམ་ཟིན་རྒྱུ་ཡིན་པ་རེད།
    《ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འཆར་འགོད་(2016ལོ་ནས་2020ལོ་བར་)》གཞིར་བཟུང་། 2020ལོར་སླེབས་སྐབས་ཀྲུང་གོ་དང་ཡོ་རོབ་ཀྱི་ལྕགས་ལམ་སྐྱེལ་འདྲེན་བགྲོད་ལམ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱི་འགག་རྩའི་ལྷུ་ཚིགས་གཞི་རྩའི་ཆར་སྐྲུན་ཟིན་ནས་ཟོག་འདྲེན་གྱི་གཅིག་སྡུད་ཕན་འབྲས་རགས་ཙམ་མངོན་པ་བྱ་རྒྱུ་དང་། ཕྱིར་ལོག་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་རྒྱལ་སྤྱིའི་སྦྲག་ཐོག་བསྐུར་མའི་ལས་སྒོ་རྒྱུན་གཏན་ངང་སྤེལ་རྒྱུ། སྟབས་བདེ་ལ་མྱུར་བ་དང་། བདེ་འཇགས་ནུས་ཆེ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཟོག་འདྲེན་ཞབས་ཞུའི་ལས་སྟེགས་གཞི་རྩའི་ཆ་ནས་སྐྲུན་ཏེ་སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུ། འགག་སྒོ་ལས་སྒྲོལ་བའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས"སྐར་ཁུང་རྐྱང་པའི"བྱེད་ཐབས་ལྕགས་ལམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་བཅས་རེད།
         ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ནི་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་སྒྲིག་འཛུགས་བྱས་པ་ཞིག་ཡིན་པ་དང་། གཏན་འཁེལ་གྱི་མེ་འཁོར་ཐེངས་གྲངས་དང་། ལྕགས་ལམ། དུས་གཏན་མེ་འཁོར་གྱི་དུས་ཆད། འཁོར་སྐྱོད་ཧྲིལ་པོ་བཅས་གཞིར་བཟུང་དུས་རྟག་ཏུ་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་དང་དེ་བཞིན"རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་ཀྱི་རྒྱལ་ཁབ་དབར་གྱི་དོས་སྒམ་སོགས་དབོར་འདྲེན་བྱེད་མཁན་གྱི་རྒྱལ་སྤྱིའི་མཉམ་འདྲེན་མེ་འཁོར་ཞིག་ཡིན་ལ། རང་རྒྱལ་དང་ལམ་རྒྱུད་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་གཞི་རྟེན་གལ་ཆེན་དང"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།