འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།གྲུབ་འབྲས་གཟེངས་སུ་ཐོན། མཉམ་ལས་ཕན་ནུས་ལྡན།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་དབུལ་སྐྱོར་ལས་དོན་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་འཆར་བའི་མཚམས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་ཉེ་བའི་ལོ་ཤས་རིང་གི་དབུལ་སྐྱོར་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་དང་། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཐད་ཀྲུང་གོས་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་ཀྱང་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ལས་རོགས་སྤྱི་ཁྱབ་ཀན་ཧྲི་ཆའོ་མོ་·སང་ཏ་ལ་མུའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དཔལ་འབྱོར་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་ཐད་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད་པ་རེད།
         སང་ཏ་ལ་མུའུ་ཡིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་ཚང་མ་གསོན་ཉམས་ལྡན་པ་ཞིག་ཡོད་པ་དཔེར་ན། ཀྲུང་གོས་ས་ཁུལ་དབུལ་པོའི་སློབ་གྲྭར་ལྟོ་ཆས་སྤྲོད་པའི་བྱ་ཐབས་དེས་བྱིས་པར་བདེ་ཐང་དང་ཆ་སྙོམས་པོའི་བཟའ་བཅའ་མཁོ་འདོན་བྱུང་བ་དང་། དུས་མཚུངས་ཞིང་པར་ཡང་གཏན་འཇགས་ཀྱི་ཡོང་འབབ་བྱུང་ཁར་ས་ཁུལ་ཞིག་ཡུན་རིང་དབུལ་པོའི་གནས་ལས་སྒྲོལ་རྒྱུའི་རོགས་རམ་ཐུབ་ཡོད་ཅེས་བཤད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་རྣམ་གྲངས་འགན་འཁུར་བ་གཱ་ལུའོ་སི་·ཧྭ་ཧྲེང་གིས་ཀྲུང་གོས་གསར་གཏོད་ལ་སྐུལ་འདེད་དང་བྱེད་ཐབས་མི་འདྲ་བར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་བ་ལས་ཞིང་པར་ཕན་པ་དངོས་ཐོབ་པའི་དབུལ་སྐྱོར་བྱེད་ཐབས་དེ་ཧ་ཅང་ལེགས་གྲུབ་བྱུང་ཡོད། ཀྲུང་གོའི་རང་རྒྱལ་ཁབ་ཀྱི་ཞིང་ལས་འཕེལ་རྒྱས་དང་དབུལ་སྐྱོར་ཐད་ཐོབ་པའི་གྲུབ་འབྲས་ལ་རྒྱལ་ཁབ་དང་ས་ཁུལ་གཞན་གྱིས་སློབ་སྦྱོང་བྱེད་རིན་ཡོད་ཅེས་བཤད་པ་རེད།
         ཧྭ་ཧྲེང་གིས་ཀྲུང་གོའི་དབུལ་སྐྱོར་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་ད་ཆ་གོ་ལ་ཧྲིལ་པོའི་ལྷོ་ལྷོ་མཉམ་ལས་ཀྱི་རྣམ་གྲངས་ཁྲོད་སྤྱད་ཡོད། ཀྲུང་གོས་རྒྱལ་ཁབ་རིམ་པ་དང་ས་ཁུལ་རིམ་པ་ཐ་ན་གོ་ལ་ཧྲིལ་པོའི་རིམ་པ་བཅས་ཀྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་རྣམ་གྲངས་ལ་རྒྱབ་སྐྱོར་དང་ཁྱབ་ཁོངས་ཁག་གི་རོགས་སྐྱོར་དང་ལེན་རྒྱལ་ཁབ་ལ་དབུལ་པོ་ཉུང་གཏོང་གི་ཤེས་བྱ་དང་ཉམས་མྱོང་བརྒྱུད་སྤྲོད་བྱས་ཁར། རོགས་སྐྱོར་དང་ལེན་རྒྱལ་ཁབ་ལ་རོགས་རམ་མང་པོ་བྱས་ཡོད་ཅེས་བཤད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲོང་གསེབ་ཀྱི་དབུལ་པོ་ཉུང་གཏོང་འཐབ་ཇུས་རྣམ་གྲངས་ཀྱི་འགན་འཁུར་བ་མཱ་ཡཱ་·ཐ་གཱ་ཅིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། འདས་ཟིན་པའི་ལོ་30ཡི་རིང་ཀྲུང་གོར་དབུལ་སྐྱོར་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་ནང་བཏོན་པའི་དབུལ་པོ་ཉུང་གཏོང་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད་པ་ནི་ཡར་རྒྱས་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བཤད་པ་རེད།
         ཐ་གཱ་ཅིས་དབུལ་པོའི་སྣང་ཚུལ་ནི་རྒྱུ་རྐྱེན་མང་པོ་ལས་གྲུབ་པ་ཞིག་ཡིན་པས་དམིགས་སའི་རང་བཞིན་གྱི་དབུལ་པོ་ཉུང་གཏོང་གི་འཐབ་ཇུས་ཡོད་དགོས་པ་ལས་དཔལ་འབྱོར་འཕར་རྒྱུ་ཁོ་ནར་བརྟེན་མི་རུང་། ལོ་རྒྱུས་ཀྱི་ཉམས་མྱོང་ལས་དཔལ་འབྱོར་འཕར་རྒྱུ་ཁོ་ནར་བརྟེན་ན་མི་འགྲིག་པ་ར་སྤྲོད་ཐུབ་ཡོད། ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་གནད་སྨིན་དབུལ་སྐྱོར་འཐབ་ཇུས་ཁས་ལེན་གྱིས་དམིགས་སའི་རང་བཞིན་ལྡན་པ་དང་གནད་སྨིན་དབུལ་སྐྱོར་བྱེད་ཐབས་ལག་བསྟར་བརྒྱུད་འབྱུང་འགྱུར་གྱི་ལོ་ཤས་ནང་ཧ་ཅང་དབུལ་བའི་སྣང་ཚུལ་མེད་པ་བཟོ་དགོས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱེད་ཐབས་དེ་ནི་ཡང་དག་པ་ཞིག་རེད་ཅེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།