འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གུང་ཁྲན་ཏང་པད་མ་རྫོང་གི་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 16:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོ་གུང་ཁྲན་ཏང་པད་མ་རྫོང་གི་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༡༦ཉིན། རྫོང་ཏང་སྲིད་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་གི་བརྩེགས་རིམ་དྲུག་པའི་གྲོས་ཚོགས་ཁང་ནས་ཀྲུང་གོ་གུང་ཁྲན་ཏང་པད་མ་རྫོང་གི་ཐེངས་བཅུ་བཞི་བའི་འཐུས་མི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུ་ལ་འཐུས་མི་༩༦དངོས་ཞུགས་བྱས་ཡོད་ལ་རྐྱེན་དབང་གིས་ཚོགས་ཞུགས་བྱེད་མ་ཐུབ་པའི་འཐུས་མི་༤ཡོད། ཏང་ཡོན་འཐུས་མི་མ་ཡིན་པའི་རྫོང་ཡོངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་དང་ཁུལ་རིམ་པའི་རྫོང་སྡོད་ཁེ་ལས་ལས་ཁུངས་བཅས་ཀྱི་གཙོ་འགན་མི་སྣ་༤༧ཚོགས་འདུ་ལ་ཟུར་ཞུགས་བྱས་ཡོད། ཚོགས་འདུས་ད་རུང་སྔོན་མའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་བཟང་དང་། སྨར་ཁོག་ནགས་ལས་ཁང་གི་མགོ་གཙོ་ཧན་ཚེ་པྰང་། སྔོན་མའི་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་རྒྱུད་སྡེ། རྫོང་ཁྲིམས་འཛིན་ཁང་གི་བློ་མཐུན་རྟ་མགྲིན་སྐྱབས་བཅས་ཆེད་དུ་གདན་ཞུ་བྱས་ཡོད། ཁུལ་ཨུའི་མཛུབ་སྟོན་ཚོགས་ཆུང་གི་ཚོགས་གཙོ། ཁུལ་ཨུ་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲན་ཆོན། ཁུལ་ཨུའི་མཛུབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དོན་ཁོ་གཉིས་ཚོགས་འདུ་ཡུལ་དངོས་སུ་ཕེབས་ནས་མཛུབ་སྟོན་གནང་།
          ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ལས་འཛིན་ཀྲུའུ་ཞི་སྒྲོན་སྐྱབས་ཀྱིས་ཚོགས་ཆེན་ལ་འགོ་འཛིན་མཛད་ཅིང་། རྒྱལ་གླུའི་བརྗིད་ཉམས་དང་དབྱངས་རྟ་སྙན་མོ་ཁྲོད་ཚོགས་ཆེན་དངོས་སུ་འགོ་བརྩམས། ཚོགས་ཐོག་ཏུ་རྫོང་དཔོན་ལིག་གྲིན་བེས་ཀྱིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཞུ་ཚིག་ཕུལ།
          རྫོང་ཨུ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་༼པདྨའི་ཉམས་མྱོང་གོང་ནས་གོང་དུ་སྤེལ་བ་དང་། མདོག་གསུམ་པདྨ་འཛུགས་སྐྲུན་བཟང་བོ་གྱིས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱ།༽ཞེས་པའི་ལས་དོན་སྙན་ཞུ་ཕུལ་བ་རེད། སྙན་ཞུས་ཐེངས་འདིའི་གྲོས་ཚོགས་ཀྱི་འགན་འཁུར་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་དགོང་དུ་བསྒྲེངས་ཤིང་། མར་ལེ་རིང་ལུགས་དང་མོའུ་ཙེ་ཏུང་གི་བསམ་བློ། ཏིང་ཞོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བའི་སྣེ་ཁྲིད་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་ལག་བསྟར་ནན་མོ་བྱེད་དགོས་ཤིང་། སྤྱི་ཚོགས་ཡུན་སྐྱོང་གཏན་འཇགས་ཡོང་བར་དམིགས་ཏེ། འདས་པའི་ལོ་ལྔའི་རིང་གི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་དང་། ལས་དོན་ཁྲོད་ཀྱི་མི་འདང་ས། བརྩོན་ལེན་བྱེད་དགོས་བའི་གོ་སྐབས་དང་འགྲན་རྩོད་བཅས་ལ་དབྱེ་ཞིབ་བྱེད་དགོས།དེ་མིན་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། བརྩོན་བྱའི་དམིགས་འབེན། འགན་འཁུར་གཙོ་བོ་བཅས་གཏན་འཁེལ་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་པདྨ་རྫོང་གི་ཐེངས་བཅུ་བཞི་བའི་ཨུ་ཡོན་ལྷན་ཚོགས་དང་སྒྲིག་བཤེར་ཨུ་ཡོན་ལྷན་ཚོགས་འདེམ་ཐོན་བྱུང་དགོས། མདོར་ན་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་གོང་འོག་བར་གསུམ་ཀུན་ལ་མཐུན་སྒྲིལ་བྱས་ཏེ། མདོག་གསུམ་པདྨ་འཛུགས་སྐྲུན་དང་། པདྨའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འབད་པ་ལྷོད་མེད་བྱ་དགོས་ཞེས་བསྟན།
          ལས་དོན་སྙན་ཞུ་ལྟར་ན་འདས་པའི་ལོ་ལྔའི་རིང་། སྐབས་བཅུ་གསུམ་པའི་ཀྲུང་གོ་པདྨ་རྫོང་ཨུས་ཞིང་ཆེན་དང་ཁུལ་ཨུའི་ཡང་དག་པའི་དབུ་ཁྲིད་འོགསྤྱི་ཚོགས་གཏན་འཇགས་ཡོང་བ་དང་བསྒྱུར་བཅོས་གཏོང་དགོས་པ་བཞི་ཡི་བླང་བྱའི་དམིགས་འབེན་ལྟར། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས། རྒྱ་ཆེ་ཏང་ཡོན་ལས་བྱེད་དང་མང་ཚོགས་ཡོངས་ལ་སྣེ་ཁྲིད་དེ། གནས་བབས་གསར་བ་ལ་བསྟུན་ཤེས་དང་གོ་སྐབས་བཟང་བོ་དམ་འཛིན། འགྲན་རྩོད་གསར་བར་གདོང་གཏད། རྣམ་པ་མི་འདྲ་བའི་འགལ་རྩོད་དང་གནད་དོན་བཅས་ཐག་གཅོད་བྱས་ཏེ། སྐབས་བཅུ་གསུམ་པའི་ཏང་ཡོན་ཚོགས་ཆེན་སྟེང་གཏན་འབེབས་བྱས་པའི་དམིགས་ཡུལ་དང་འོས་འགན་མཐའ་དག་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད་ཅིང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྲིད་འཛིན་རྨང་གཞི་བརྟན་ཞིང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་གཏན་འཇགས།མི་རིགས་མཐུན་སྒྲིལ་སྔོན་བསྐྱོད། དམངས་འཚོ་མུ་མཐུད་ལེགས་བསྒྱུར། སྐྱེ་ཁམས་སྲུང་སྐྱོབ་གང་ལེགས་བྱེད་པའི་རྣམ་པ་བཟང་བོ་ཆགས་ཡོད་ལ། པདྨའི་ལོ་རྒྱུས་སྟེང་སྤྱི་ཚོགས་ལས་རིགས་སོ་སོ་ཡར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བསྐྲུན་ཡོད། འདིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་འགོ་བརྩམས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
         སྙན་ཞུས་འདས་སོང་གི་ཉམས་མྱོང་ལ་སྤྱི་བསྡོམས་བྱེད་ཞོར་མི་འདང་ས་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ཡོད། ཚོགས་འདུས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་ལྔ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་རང་བཞིན་གྱི་དུས་སྐབས་གཙོ་བོ་ཞིག་ཡིན། རྗེས་མའི་ལོ་ལྔའི་རིང་གི་བྱ་བའི་མཛུབ་སྟོན་བསམ་བློ་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་དགོང་དུ་བསྒྲེངས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས་བསྡུས་པའི་ཚོགས་འདུ་རབས་དང་རིམ་པ་དང་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་དོན་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་། མར་ལེ་རིང་ལུགས་དང་མོའོ་ཙེ་ཏུང་གི་བསམ་བློ་སོགས་མཛུབ་སྟོན་བསམ་བློ་གལ་ཆེན་དག་གི་སྣེ་ཁྲིད་འོག  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབས་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ལ། ཏང་ཀྲུང་དབྱང་གི་གཙོ་གནད་ལྔ་དང་ཡོངས་ཁྱབ་བཞི་ཡི་ཐབས་ཇུས་བཀོད་སྒྲིག་དང་ཡིག་འབྲུ་༢༠ཅན་གྱི་བོད་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་༡༣༡དང་ཁུལ་ཨུའི་༡༦༩ཡི་བླང་བྱ་ལྟར་རང་རྫོང་གི་འཕེལ་རྒྱས་འོས་འགན་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་དགོས་ཤིང་། མདོག་གསུམ་པདྨ་འཛུགས་སྐྲུན་དང་བྱེད་སྒོ་ཆེན་པོ་བརྒྱད་ལག་བསྟར་བྱས་ཏེ། པདྨའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་དང་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱ་རྒྱུ། རྗེས་མའི་ལོ་ལྔའི་རིང་གི་སྤྱིའི་ཁ་ཕྱོགས་ནི་ཞིང་ཆེན་དང་ཁུལ་གྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་ལྟར་རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། མདོག་གསུམ་པདྨའི་སྣང་བརྙན་བཟང་བོ་གསར་བསྐྲུན་དང་པདྨའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་རྒྱུ་དང་། ༡༡༦༡ཡི་ཐབས་ཇུས་ཁ་ཕྱོགས་ངེས་གཏན་བྱེད་རྒྱུ་ཡིན་ཏེ། ༡༡༦༡ནི་སོ་སོར་དུས་མཉམ་གཅིག་སྟེ་ཞིང་ཆེན་དང་ཁུལ་ཡོངས་དུས་མཉམ་སྒོས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ།ཐབས་ཇུས་ཀྱི་རྟེན་གཞི་གཅིག་སྟེ་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་གསུམ་གྱི་ས་མཚམས་སུ་བདེ་འཇགས་དར་སྤེལ་ཇུས་ཆེན་སྤེལ་སའི་རྟེན་གཞི་གཙོ་བོ། གནས་གཞི་དྲུག་སྟེ་ཞིང་ཆེན་ཡོངས་ཀྱི་བོད་ཇ་འདེབས་འཛུགས་དང་ལས་སྣོན་བྱེད་སའི་གནས་གཞི། ཞིང་ཆེན་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གསབ་སྦྱོང་སྤེལ་སའི་གནས་གཞི། མཚོ་སྔོན་ལྷོ་རྒྱུད་ཀྱི་ཡུལ་སྐོར་ལྗོངས་རྒྱུ་གནས་མཆོག་དང་ཡུལ་སྐོར་བ་འདུ་བྲལ་བྱེད་སའི་གནས་གཞི། ཁུལ་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་གནས་གཞི། ཁུལ་ཡོངས་ཀྱི་ཁྱད་ལྡན་ལས་སྣོན་བཟོ་ལས་དང་མི་རིགས་ལག་རྩལ་བཟོ་ལས་སྣ་འཛོམས་ས་ཁུལ། མཚོ་སྔོན་དང་ལྷོ་ནུབ་ས་ཁུལ་བར་དངོས་ཟོག་འཁོར་འདྲེན་བྱེད་པའི་ཚོང་ལམ་གཙོ་བོ། ལྟེ་བ་གཅིག་སྟེ་ཁུལ་ཡོངས་ཀྱི་སྤྲོ་གསེང་ལྟེ་གནས་བཅས་ལ་གོ  རྗེས་མའི་ལོ་ལྔའི་རིང་གི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་གཞི་ནི། པདྨའི་སྔར་ཡོད་ཀྱི་རྨང་གཞི་དང་ད་ལྟའི་ཁོར་ཡུག་གི་གནས་བབས་ལ་གཞིགས་ཏེ། ལྟེ་བ་གཅིག་དང་རྒྱུད་གཉིས་གླིང་གཉིས་ཀྱི་ཁོར་ཡུག་བསྐྲུན་ནས། རྫོང་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ལྟེ་བ་གཅིག་དང་རྒྱུད་གཉིས་གླིང་གཉིས་ཞེས་པ་ནི་སེ་ལེ་ཐང་གྲོང་རྡལ་ལྟེ་བ་བྱས་ཏེ། སྨར་ཁོག་ཆུ་རྒྱུད་དུ་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་རྡོ་ཁོག་ཆུ་རྒྱུད་དུ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ། གླིང་ག་གཉིས་ནི་མདོག་གསུམ་ཐོན་ལས་གླིང་དང་དེང་རབས་དངོས་ཟོག་སྐྱེལ་འདྲེན་གླིང་གཉིས་ལ་ཟེར། རྗེས་མའི་ལོ་ལྔའི་རིང་འབད་བརྩོན་བྱེད་རྒྱུའི་དམིགས་འབེན་གཙོ་བོ་ནི་༢༠༢༠ལོར་ཐོན་དུས། རྫོང་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཡོངས་འབབ་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་༧.༥འཕེལ་སྣོན་བྱུང་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་དངུལ་གཏང་ཚད་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་༡༥འཕེལ་སྣོན་བྱུང་དགོས། ས་གནས་ནོར་སྲིད་སྔོན་རྩིས་ཡོང་འབབ་ནི་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་༤འཕེལ་སྣོན་བྱུང་དགོས། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་པོ་སིལ་འཚོང་བྱས་ཚད་ནི་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི༡༢འཕེལ་སྣོན་བྱུང་དགོས།ཞིང་འབྲོག་མང་ཚོགས་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོད་སྒྲིག་བྱ་ཆོག་པའི་ཡོང་འབབ་སོ་སོར་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི༡༦.༥དང་བརྒྱ་ཆའི༡༠འཕེལ་སྣོན་དང་།གྲོང་ཁྱེར་ཅན་དུ་བསྒྱུར་ཚད་བརྒྱ་ཆའི༢༤.༤ཡིན་དགོས།གྲོང་རྡལ་སྡོད་དམངས་ལས་ཤོར་བྱུང་ཚད་བརྒྱ་ཆའི་༥.༥ཡན་དུ་བརྒལ་དུ་འཇུག་མི་ཆོགམདོར་ན་ལོ་ལྔའི་རིང་འབད་པ་ལྷོད་མེད་བྱས་ཏེ་རྫོང་འབྱོར་ལྡན། དམངས་ཕྱུག་པོ། ས་གཙང་རི་མཛེས་དང་འཆམ་མཐུན་ཞི་གནས་ཀྱི་པདྨ་འཛུགས་སྐྲུན་བྱས་ནས། ཞིང་ཆེན་དང་ཁུལ་ཡོངས་དུས་མཉམ་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུ།
          སྙན་ཞུས་རྗེས་མའི་ལོ་ལྔའི་ནང་རྫོང་ཡོངས་ཀྱིས་རྩ་དོན་དྲུག་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ས་ཁུལ་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་སྔོན་བསྐྱོད། དབུལ་སྐྱོར་མཁྲེགས་གཏོར་བྱེད་སྒོ། དམངས་འཚོ་བྱ་གཞག་སྐུལ་སྤེལ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཏང་གི་ཡོངས་ཁྱབ་འཛུགས་སྐྲུན་བཅས་ལས་དོན་ཆེན་པོ་དྲུག་ལ་འབད་པས་བསྒྲུབ་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་བརྩོན་ལེན་བྱེད་དགོས་ཞེས་བླང་བྱ་ནན་མོ་བཏོན་ཡོད།
          སྙན་ཞུས་ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་རྩོམ་པའི་ལོ་ཡིན་ལ། ལོ་ལྔའི་རྗེས་ནི་ཏང་བཙུགས་ནས་ལོ་འཁོར་༡༠༠ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་ཡིན་པས། རྣམ་པ་ཅི་འདྲ་ཞིག་གི་སྒོ་ནས་པདྨའི་ཉམས་མྱོང་རིམ་འཕར་ཅན་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་།རྣམ་པ་ཅི་འདྲ་ཞིག་གི་སྒོ་ནས་པདྨའི་མི་དམངས་ཀྱི་འདོད་བློ་སྐོང་བ།རྣམ་པ་ཅི་འདྲ་ཞིག་གི་སྒོ་ནས་ཏང་གི་ལོ་བརྒྱའི་དུས་སྟོན་བསུ་རྒྱུ་བཅས་ནི་ང་ཚོའི་དཀའ་ངལ་གདོང་གི་བསུ་བའི་སྙིང་སྟོབས་དང་། དམངས་ཀྱི་སྐྱིད་སྡུག་བསམ་པའི་ཀུན་སློང་། དངོས་དོན་འབད་པས་བསྒྲུབ་པའི་རྣམ་འགྱུར་བཅས་ལ་རག་ལས་པས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་ཡོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ།མི་གཤིས་ཀུན་སྤྱོད་བཟང་ཞིང་གཞུང་དོན་གཙང་སྐྱོང་བྱས་ནས་འོད་སྟོང་འབར་བའི་མ་འོངས་པདྨ་འཛུགས་སྐྲུན་བྱེད་དགོས་ཤིང་། ཐོག་མའི་ཆོད་སེམས་མི་འགྱུར་ཞིང་མ་འོངས་མདུན་ལྗོངས་དགའ་བས་བསུ་བཞིན་འཆམ་མཐུན་བདེ་འཇགས་དང་། མཐུན་སྒྲིལ་ཡར་རྒྱས། བདེ་སྐྱིད་འབྱོར་ལྡན་དང་ཡིད་འོང་མཛེས་སྡུག་གི་མདོག་གསུམ་པདྨ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་ནན་གྱིས་བསྟན།
    མཇུག་མཐར་ཚོགས་འདུ་སྟེང་ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་ཏང་དངུལ་བརྩི་ལེན་བྱ་བར་བདག་གཉེར་བྱས་ཚུལ་གྱི་སྙན་ཞུ་གཉིས་ལ་གྲོས་བསྡུར་བྱས། ༼པདྨ་རྫོང་ཨུའི་གཞུང་ལས་ཁང་གིས་འཕྲིན་བཏང་། ཡིག་སྒྱུར་བ། མགོན་པོ་དོན་འགྲུབ།༽
      

    ཕྱོགས་བསྡུས་གསར་འགྱུར།