འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་རྫོང་དུ་མི་རིགས་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         རྒྱལ་སྟོན་གུང་གསེང་རིང་། ཞོགས་པ་སྔ་པོར་བཀྲ་ཤིས་དོན་གྲུབ་ཀྱིས་བཟའ་ཟླ་བུ་ཕྲུག་འཁྲིད་ནས་བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད།མི་དམངས་དྲ་བའི་འཕྲིན། "དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱེད་པ་ནི་ང་ཚོ་ནང་མི་ཚོའི‘ཉིན་རེའི་ལས་རིམ’གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་སྟོན་རིང་ལྟ་སྐོར་བྱས་ཚེ་དོན་སྙིང་དེ་བས་ཆེ། དམར་དམག་དང་བཅིངས་འགྲོལ་དམག་ལ་ངས་དམིགས་བསལ་གྱི་བརྩེ་སེམས་བཅངས་ཡོད། གང་ལགས་ཤེ་ན་དམར་དམག་རྒྱང་སྐྱོད་བདེ་ཆེན་ནས་བརྒྱུད་སྐབས་ངའི་སྤོ་བོ་ལགས་དམར་དམག་ནང་ཞུགས་པ་དང་། པཱ་ལགས་ཀྱང་རྗེས་སུ་དམག་མིར་ཞུགས་མྱོང"ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
         བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་ནང་བསྒྲིགས་པའི་འགྲེམས་དངོས་རེ་རེས་བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ།
         1936ལོའི་ཟླ་4པར། ཀྲུང་གོ་བཟོ་ཞིང་དམར་དམག་ཐོན་གཉིས་པ་དང་དྲུག་པ་འབྲི་ཆུ་སྒྲོལ་རྗེས་བདེ་ཆེན་ས་ཁོངས་ནང་འབྱོར། དམར་དམག་ཐོན་གཉིས་པས་རྒྱལ་ཐང་རྫོང་གྲོང་དུ་བཅའ་སྡོད་བྱས་རྗེས་རྫོང་གྲོང་གི་མཆོད་ཁང་དུ་དཔུང་སྡེའི་བཀོད་འདོམས་པུའུ་བཙུགས། ཧོ་ལུང་སོགས་དམར་དམག་འགོ་ཁྲིད་ཀྱིས་ལས་རིགས་ཁག་གི་འཐུས་མི་དང་མཇལ་འཕྲད་གནང་ནས《ཀྲུང་ཧྭ་སུའུ་ཝེ་ཨེད་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཧེ་ལུང་ཅང་བཅས་ཀྱི་ཡན་ལག་ཨུ་ལྷན་དང་རྒྱལ་ཐང་གྲོང་དམར་དམག་ཡན་ལག་ཨུ་ལྷན་གྱི་རྩ་ཚིག》ཡོངས་བསྒྲགས་བྱས་པ་དང་དམར་དམག་ཡོངས་ཀྱི་བརྒྱ་ཤོག་ཡན་གྱི་ལས་བྱེད་པའི"ལ་ཐང་ཚོགས་འདུ"ང་ཚོགས་བྱས་པ་རེད།
         བདེ་ཆེན་ཀྲོའུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་དེ་སྔའི་ཀྲུའུ་རེན་ཆི་ཅིས་ཀོང་གིས་དམར་དམག་མ་འབྱོར་གོང་། གོ་མིན་ཏང་གིས་ས་གནས་དེར་དཀྲོག་གཏམ་སྤེལ་ནས་དམར་དམག་གིས་མི་བཟུང་གི་འདུག་ཅེས་བཤད་པས་ཁུལ་དེའི་ཡུལ་དཔོན་དང་མང་ཚོགས་ཁག་གཅིག་བྲོས་བྱོལ་དུ་ཕྱིན་པ་རེད་ཅེས་ངོ་སྤྲོད་བྱས།
         ཆི་ཅིས་ཀོང་གིས་ངོ་སྤྲོད་བྱས་པར། དམར་དམག་ཐོན་གཉིས་པ་དང་དྲུག་པ་བདེ་ཆེན་དུ་འབྱོར་རྗེས། གྲངས་ཉུང་མི་རིགས་དང་མཐུན་སྒྲིལ་དང་ཡུལ་དཔོན་གྱི་ཚེ་སྲོག་རྒྱུ་ནོར་ལ་སྲུང་སྐྱོབ་བྱས་པས་མང་ཚོགས་མང་པོ་ཞིག་རི་ནས་ལོག་ཡོང་བ་རེད།
         རྗེས་སུ་སྲོང་བཙན་གླིང་དགོན་པས་འཐུས་མི་མངགས་ཏེ་དམར་དམག་གི་འགོ་ཁྲིད་དང་ཐུག་འཕྲད་བྱས་པ་དང་། དམར་དམག་ལ་ཇ་དང་། ནས། ཕག་ཤ། ཚྭ་སོགས་བསྐྱལ་བ་མ་ཟད། ཧོ་ལུང་སོགས་ཀྱིས་སྲོང་བཙན་གླིང་དགོན་དུ་འཚམས་འདྲི་གནང་བ་དང་འབྲེལ་དགོན་པར"ངས་ཉུང་མི་རིགས་དར་ཞིང་རྒྱས་པ"ས་པའི་གོས་དར་དང་དཀར་བུམ་སྔོ་རྩི་ཅན་ཆ་གཅིག་གནང་བ་རེད། དམར་དམག་བདེ་ཆེན་ནས་བྲལ་སྐབས། སྲོང་བཙན་གླིང་དགོན་པས་དམར་དམག་ཚང་མར་ཐུམ་སྒྲིལ་བརྒྱབ་པའི་གྲོ་ཞིབ་ཕོར་པ་གང་རེ་སྤྲད་པ་རེད།
         "མང་ཚོགས་ཀྱི་རྨང་གཞི་ཡག་པོ་ཡོད་པར་བརྟེན་དམར་དམག་ཐོན་གཉིས་པ་དང་དྲུག་པ་བདེ་ཆེན་དུ་ངལ་གསོ་ཐེབས་ནས་མུ་མཐུད་བྱང་ཕྱོགས་སུ་བསྐྱོད་པའི་ཟུངས་ཤུགས་འཕེལ། དེ་དང་ཆབས་ཅིག དམར་དམག་གིས་བདེ་ཆེན་དུ་སློབ་སྦྱོང་སློབ་གསོ་དང་ལྷག་དོན་དུ་ཆོས་ལུགས་སྲིད་ཇུས་ཀྱི་སློབ་གསོ་སྤེལ་བ་དེས་དཔུང་སྡེའི་བྱང་ཚད་མཐོ་རུ་ཕྱིན་ཡོད"ཅེས་ཆི་ཅིས་ཀོང་གིས་བཤད།
         མིག་སྔར། གསར་འགོད་པས་བདེ་ཆེན་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གནས་བཞི་གྲོང་ཚོར་བསྐྱོད་པ་ཡིན། དམར་དམག་གིས་དེ་སྔ་གནས་བཞི་གྲོང་ཚོའི་འགྲམ་དུ་གུར་ཕུབ་ནས་ངལ་གསོ་བརྒྱབ་པ་དང་གྲོང་ཚོ་དེའང་སྐད་གྲགས་ཡོད་པའི་སྲོང་བཙན་གླིང་དགོན་གྱི་འགྲམ་དུ་ཆགས་ཡོད།
         "ང་ཚོའི་གྲོང་ཚོ་དང་སྲོང་བཙན་གླིང་དགོན་པའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད"ང་ཚོ་ཨུ་ལྷན་གྱིས་རྟག་ཏུ་དགོན་པར་ཁོང་རྣམ་པའི་དགོས་མཁོ་བཀའ་འདྲི་ཞུས་ཏེ་དགོན་པའི་དཀའ་གནད་སེལ་རོགས་བྱེད་ཀྱི་ཡོད། གྲོང་ཚོའི་ནང་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གཉེར་རིམ་བཞིན་དགོན་པའི་དགེ་འདུན་པ་གདན་འདྲེན་གྱི་ཡོད་"ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀླུ་རོང་མཁས་གྲུབ་ཀྱིས་བཤད།
         དམར་དམག་དེ་སྔ་བསྐྱོད་མྱོང་བའི་ས་ཆར། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་སོང་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2013ལོ་ནས་བཟུང་། བདེ་ཆེན་ཀྲོའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་མཐའ་མཚམས་དར་རྒྱས་བརྟན་ལྷིང་གི་དཔེ་སྟོན་ཀྲོའུ་འཛུགས་སྐྱོང་ལོ་གསུམ་བྱ་རྒྱུའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཤང་གྲོང་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་དུད་ཚང་དང་ཞི་མཐུན་དགོན་སྡེ་བཅས་ཀྱི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་བཀྲག་མདངས་འཚེར་བ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།