འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་འགོ་རྩོམ་རྒྱུ་ཡིན་པ་དང་རྒྱལ་ཁབ་
    ཁྲལ་དོན་ཁོངས་གཏོགས་ཀྱི་ལས་མི་བསྡུ་གྲངས་མང་ཤོས་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་འགོ་རྩོམ་རྒྱུ་ཡིན་པ་དང་རྒྱལ་ཁབ་
ཁྲལ་དོན་ཁོངས་གཏོགས་ཀྱི་ལས་མི་བསྡུ་གྲངས་མང་ཤོས་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 2017ལོ་འཁོར་གྱི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་ཟླ་10ཚེས་15ཉིན་ནས་འགོད་འགོ་རྩོམ་རྒྱུ་ཡིན་ཞིང་། ཐེངས་འདིར་མི་གྲངས་ཁྲི་2.7ལྷག་བསྡུ་རྒྱུའི་འཆར་གཞི་བཀོད་པ་འདི་ནི་ན་ནིང་གི་བསྡུ་ལེན་བྱས་གྲངས་དང་ཉེ་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཁབ་ཁྲལ་དོན་ཁོངས་གཏོགས་ཀྱིས་ལས་མི་བསྡུ་གྲངས་ཁྲི་1.7ལས་བརྒལ་བས་ལས་མི་བསྡུ་གྲངས་མང་ཤོས་ཀྱི་ལས་ཁུངས་སུ་གྱུར་པ་རེད།
         རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་དྲ་ཚིགས་ཐོག་ཏུ་སྤྱི་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། 2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་འགོད་པའི་དུས་ཚོད་ནི་2016ལོའི་ཟླ་10ཚེས་15ཉིན་ནས་ཚེས་24ཉིན་བར་ཡིན་ཞིང་། སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་ནི་2016ལོའི་ཟླ་11ཚེས་27ཉིན་རྒྱལ་ཡོངས་ཞིང་ཆེན་ཁག་གི་ལྟེ་གནས་གྲོང་ཁྱེར་དང་། རང་སྐྱོང་ལྗོངས་ཁག་གི་ལྟེ་གནས་གྲོང་ཁྱེར། ཐད་གཏོགས་གྲོང་ཁྱེར་ཁག གྲོང་ཁྱེར་ཆེ་གྲས་རེ་ཟུང་བཅས་སུ་དུས་མཉམ་དུ་ཡིག་རྒྱུགས་ལེན་རྒྱུ་རེད།
         ཐེངས་འདིར་ཀྲུང་དབྱང་གི་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་དང་གཞུང་ལས་པའི་བཅའ་ཁྲིམས་ལྟར་དོ་དམ་བྱེད་པའི་ལས་ཁུངས་བཅས་ཁྱོན་བསྡོམས་120ལྷག་ཞུགས་རྒྱུ་ཡིན་ལ། ལས་མི་མི་གྲངས་ཁྲི་2.7ལྷག་བསྡུ་རྒྱུའི་འཆར་གཞི་བཀོད་པ་རེད།
         ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་གཏོང་རྒྱུའི་སྤྱི་བསྒྲགས་ཁྲོད་དུ་ཀྲུང་དབྱང་གི་ལས་ཁུངས་དང་དེ་བཞིན་ཞིང་ཆེན་རིམ་པའི་ཐད་གཏོགས་ལས་ཁུངས་ཀྱི་དམིགས་བསལ་ལས་གནས་དང་ཆེད་ལས་རང་བཞིན་གྱི་ཤུགས་ཆེ་ཙམ་ལྡན་པའི་ལས་གནས་ཁ་ཤས་མ་གཏོགས་གཙོ་བོར་གཞི་རིམ་དུ་ལས་སྒྲུབ་ལོ་2ཡན་བྱས་པའི་བརྒྱུད་རིམ་ཡོད་པའི་མི་སྣ་བསྡུ་རྒྱུ་ཡིན་ཞེས་བསྟན་པ་རེད།
         གཞན་ཡང་ཀྲུང་དབྱང་ལས་ཁུངས་ཀྱི་ཐད་གཏོགས་གྲོང་ཁྱེར་(ས་ཁུལ་)རིམ་པའི་ལས་ཁུངས་ཀྱི་ལས་གནས་དང་། རྫོང་(ཆུས་)རིམ་པ་དང་དེའི་མན་གྱི་ལས་གནས་(གཞུང་ལས་པའི་བཅའ་ཁྲིམས་ལྟར་དོ་དམ་བྱེད་པའི་ལས་ཁུངས་ཚུད་པ་)ཀྱི་15%ཡས་མས་ནི་ཞབས་ཞུའི་དུས་ཚད་ལོངས་པ་དང་། དཔྱད་ཞིབ་ཚད་ལོན་པའི་སློབ་ཆེན་སློབ་མ་གྲོང་དཔོན། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་”གི་འཆར་གཞི། “གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་དགེ་རྒན་གྱི་ལས་གནས་དམིགས་འཛུགས་འཆར་གཞི། ” “སློབ་ཆེན་སློབ་མས་ནུབ་རྒྱུད་ལ་ཞབས་ཞུ་དང་བླངས་འཆར་གཞི་”སོགས་གཞི་རིམ་ལ་ཞབས་ཞུའི་རྣམ་གྲངས་མི་སྣ་བསྡུ་བར་སྤྱོད་རྒྱུའི་འཆར་གཞི་བཀོད་པ་རེད།
    ༄༅།།2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་འགོ་རྩོམ་རྒྱུ་ཡིན་པ་དང་རྒྱལ་ཁབ་
ཁྲལ་དོན་ཁོངས་གཏོགས་ཀྱི་ལས་མི་བསྡུ་གྲངས་མང་ཤོས་ཡིན་པ།
    ༄༅།།2017ལོའི་རྒྱལ་ཁབ་གཞུང་ལས་པ་བསྡུ་བའི་རྒྱུགས་ལེན་འགོ་རྩོམ་རྒྱུ་ཡིན་པ་དང་རྒྱལ་ཁབ་
ཁྲལ་དོན་ཁོངས་གཏོགས་ཀྱི་ལས་མི་བསྡུ་གྲངས་མང་ཤོས་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།