འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་བལ་པོའི་ཀྲུང་ཧྭ་དགོན་པར་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་13ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བལ་པོའི་ལུམྦུའི་ནི་རུ་ཡོད་པའི་ཀྲུང་ཧྭ་དགོན་པས་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་བོད་ལྗོངས་ཀྱིས་ཕུལ་བའི་ལེགས་སྐྱེས་རྩ་ཆེན་ཏེ་ལྷ་སའི་པར་གཞིའི་བོད་ཡིག་གི་《བཀའ་འགྱུར་》པོད་100དང་《བསྟན་འགྱུར་》པོད་225དང་ལེན་བྱས་པ་རེད།
         བལ་པོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཝུའུ་ཁྲོན་ཐའེ་ཡིས་གཙོ་སྐྱོང་གནང་བའི་འོག ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་སྣེ་ཁྲིད་པའི་བོད་ཡིག་བཀའ་བསྟན་འགྱུར་སྲུང་སྐྱེལ་ཚོགས་པས་ཟླ་10ཚེས་9ཉིན་བོད་ཡིག་གི་གསུང་རབ་དེ་ཚོ་ཀྲུང་ཧྭ་དགོན་པར་ཕུལ་བ་རེད། ཀྲུང་ཧྭ་དགོན་པའི་དགེ་འདུན་དང་དགེ་བསྙེན་དང་། དེ་བཞིན་ཀྲུང་ཧྭ་དགོན་པའི་རྒྱུ་དངོས་རོགས་སྐྱོར་ཐོབ་པའི་བལ་པོའི་བྱང་ཆུབ་སློབ་གླིང་གི་སློབ་མ་ཚོ་གསུང་རབ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་པ་རེད།
         2014ལོའི་ཟླ་བ་10པར་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བལ་པོར་འཚམས་འདྲི་གནང་སྐབས་སུ། ཀྲུང་གོའི་ནང་བསྟན་གྱི་ཕྱི་རྒྱལ་དུ་ཡོད་པའི་དགོན་པ་འདིས་ཀྲུང་གོའི་ནང་བསྟན་རིག་གནས་དར་སྤེལ་སྔར་ལས་ལྷག་པར་བྱས་ཏེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་འབུལ་བར་རྒྱབ་སྐྱོར་བྱ་ཆེད། ཀྲུང་ཧྭ་དགོན་པར་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་འདི་དག་འབུལ་རྒྱུ་ཁས་བླངས་པ་རེད།
         སྤེལ་རེས་ཀྱི་བྱེད་སྒོ་སྤེལ་རིང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་ཧྭ་དགོན་པས་མུ་མཐུད་དུ་ཀྲུང་གོའི་ནང་བསྟན་རིག་གནས་དར་སྤེལ་བཏང་སྟེ་རྒྱལ་སྤྱིའི་འབྲེལ་བ་ཧུར་ཐག་སྤེལ་ནས་ས་གནས་དེ་གའི་སྤྱི་ཚོགས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བ་དང་དགེ་བའི་ལས་དངོས་སྔར་ལས་མང་བ་བསྒྲུབ་རྒྱུའི་རེ་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། 
         བོད་ཡིག་བཀའ་བསྟན་འགྱུར་སྲུང་སྐྱེལ་ཚོགས་པ་ཟླ་10ཚེས་12ཉིན་བལ་པོ་དང་བྲལ་ནས་ཕྱིར་བོད་ལྗོངས་སུ་ལོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།