འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མའི་མཐའ་སྲུང་ཉེན་རྟོག་ཅུས་3ལ་འཇབ་རྒོལ་ཐེབས་ནས་མི་17རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་ཉིན། འབར་མ་སྲིད་གཞུང་གིས་ར་སྤྲོད་བྱས་པར་གཞིགས་ན། འབར་མ་རྒྱལ་ཁབ་ཀྱི་ནུབ་རྒྱུད་རའོ་ཁའེ་མངའ་སྡེ་ཡི་མེན་ཏུའུ་གྲོང་རྡལ་དང་ལ་ཏེ་ཏང་གྲོང་རྡལ་གྱི་མཐའ་སྲུང་ཉེན་རྟོག་ཅུས་3ལ་འཇིགས་སྐུལ་པས་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་ཉེན་རྟོག་པ་9་དང་འཇབ་རྒོལ་བྱེད་མཁན་8མེ་མདའ་རྒྱག་རེ་ཁྲོད་དུ་ཤི་བ་དང་། འཇབ་རྒོལ་བྱེད་མཁན་2གསོན་བཟུང་བྱས་པ་རེད།
         འབར་མ་རྒྱལ་ཁབ་ཀྱི་ཉེན་རྟོག་སྤྱི་ཁྱབ་དཔོན་ཙུའོ་ཝེན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག ཚེས་9ཉིན་གྱི་ཞོགས་པ་ནས་བཟུང་། འཇིགས་སྐུལ་པ་200ལྷག་གིས་མེ་མདའ་དང་། གྲི། དབྱུག་པ་སོགས་ཀྱི་ལག་ཆ་བེད་སྤྱད་ནས་གོང་གསལ་གྱི་ཉེན་རྟོག་ཅུས་3ལ་འཇབ་རྒོལ་བྱས་པ་རེད། ཛ་དྲག་གི་མེ་མདའ་རྒྱག་རེ་བྱས་རྗེས། འཇབ་རྒོལ་བྱེད་མཁན་ཚོ་ཕྱིར་འཐེན་བྱས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་འཇབ་རྒོལ་བྱེད་མཁན་2གསོན་བཟུང་བྱས་ཡོད་པ་མ་ཟད། འཛིང་རེ་རྗེས་ནས་འཇབ་རྒོལ་བྱེད་མཁན་8ཀྱི་བེམ་རོ་རྙེད་འདུག ཉེན་རྟོག་ཕྱོགས་ནས་མི་9ཤི་བ་དང་། མི་5ལ་རྨས་ཕོག་པ། མི་1གར་སོང་ཆ་མེད་དུ་གྱུར་པ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།