འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡའི་ཆུ་སྲིན་ཞིག་གཟབ་གཟབ་མ་བྱས་པས་བྱེ་མར་ཟུག་པས་ཆུ་སྲིན་ཕྲུ་གུས་ཤུགས་
    གང་ཡོད་ཀྱིས་ཨ་མ་རྒྱ་མཚོར་ལོག་རོགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨོ་སི་ཁྲུ་ལི་ཡའི་ཆུ་སྲིན་ཞིག་གཟབ་གཟབ་མ་བྱས་པས་བྱེ་མར་ཟུག་པས་ཆུ་སྲིན་ཕྲུ་གུས་ཤུགས་
གང་ཡོད་ཀྱིས་ཨ་མ་རྒྱ་མཚོར་ལོག་རོགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱང་བསྒྲགས་ཀུང་སི་(BBC)ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་པེ་སི་ཐེ་ཏེ་པུའུ་ལུའུ་ཁེ་གླིང་ཕྲན་གྱི་ཉེ་འགྲམ་དུ་ཆུ་སྲིན་ཞིག་སྟབས་མ་ལེགས་པས་བྱེ་མར་ཟུག་པ་རེད། མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པ་ཞིག་ལ་ཆུ་སྲིན་དེའི་ཕྲུ་གུས་ཐབས་བརྒྱ་ཇུས་སྟོང་གིས་ཨ་མ་ཕྱིར་རྒྱ་མཚོར་ལོག་པར་འཕུལ་རྒྱག་གཏོང་མཚམས་བཅད་མེད་པས། མཐར་མཇུག་ཏུ་ཆུ་སྲིན་ཨ་མ་དེ་ཕྲུ་གུས་ཤུགས་གང་ཡོད་ཀྱིས་རོགས་སྐྱོབ་བྱས་པའི་འོག་རྒྱ་མཚོར་ལོག་ཐུབ་པ་རེད། 
         གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་10ཚེས་5ཉིན་ཆུ་སྲིན་མ་བུ་གཉིས་པུའུ་ལི་སི་པན་གྲོང་ཁྱེར་ཤར་རྒྱུད་སྤྱི་ལེ་80ཙམ་ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་གི་འགྲམ་དུ་ཆུ་རྐྱལ་བཞིན་ཡོད། གློ་བུར་དུ་ཆུ་སྲིན་ཨ་མ་བྱེ་མར་ཟུག་པས། ཕྲུ་གུས་ཤུགས་གང་ཡོད་ཀྱིས་ཨ་མ་སྐྱོབ་ཐབས་བྱས་པ་རེད།
       ཆུ་སྲིན་ཕྲུ་གུ་དེས་དང་ཐོག་མགོ་ཡིས་ཨ་མར་འཕུལ་རྒྱག་གཏོང་བ་དང་། དེའི་རྗེས་སྤྱང་གྲུང་ལྡན་པའི་ཕྲུ་གུ་དེས་རང་གི་གཟུགས་པོས་ཨ་མ་ཡར་བཏེག་སྟེ་བྱེ་མའི་གཙུབ་བརྡར་ཤུགས་ཆུང་དུ་གཏོང་ཐབས་བྱས་ནས་ཨ་མའི་རྔ་མ་ཆེན་མོར་འབུད་ཤུགས་བསྐྱེད་པར་བྱས་པ་རེད། 
    【1】  【2】  【3】  【4】
    ༄༅།།ཨོ་སི་ཁྲུ་ལི་ཡའི་ཆུ་སྲིན་ཞིག་གཟབ་གཟབ་མ་བྱས་པས་བྱེ་མར་ཟུག་པས་ཆུ་སྲིན་ཕྲུ་གུས་ཤུགས་
གང་ཡོད་ཀྱིས་ཨ་མ་རྒྱ་མཚོར་ལོག་རོགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།