འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པ་གོ་གནས་སྤོར་རྒྱུ་ཡོད་ལ་འབེབས་རྒྱུའང་ཡོད་པའི་གནས་
    ཚུལ་རྩིས་བཤེར་བྱེད་པའི་ལམ་ལུགས་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་གྱིས་འགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་རྒྱུ་ཡོད་ལ་འབེབས་རྒྱུའང་ཡོད་པའི་གནས་ཚུལ་རྩིས་བཤེར་བྱེད་པའི་ལམ་ལུགས་བཙུགས་པ་དང་འབྲེལ། འདི་ལོ་ནས་བཟུང་འགོ་ཁྲིད་ལས་བྱེད་པ“གོ་གནས་འབེབས་པའི”གནས་ཚུལ་ལ་རྩིས་བཤེར་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།
         ལམ་ལུགས་ནང་བསྟན་དོན། གྲོང་ཁྱེར་དང་ཀྲོའུ་ཨུད་རྩ་འཛུགས་པུའུ་དང་། ཞིང་ཨུད་ཀྱི་པུའུ་ཨུད་ཁག ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཚན་པ། མི་དམངས་ཚོགས་པའི་རྩ་འཛུགས་མི་དོན་སྡེ་ཚན་ཁག་བཅས་ནི་རྩིས་བཤེར་གྱི་འགན་འཁྲིའི་ཚན་པ་ཡིན་པ་དང་། དེས་ས་གནས་དེ་གའི་ཚན་པའི་འགོ་ཁྲིད་ལས་བྱེད་པའི་གོ་གནས་སྤོར་རྒྱུ་ཡོད་ལ་འབེབས་རྒྱུའང་ཡོད་པའི་གནས་ཚུལ་ལ་རྩིས་བཤེར་བྱ་རྒྱུའི་འགན་ཁུར་རྒྱུ་རེད། རྩིས་བཤེར་བྱ་ཡུལ་ནི་ཀྲོའུ་ཡི་ཐིང་རིམ་པ་དང་། རྫོང་གི་ཁྲུའུ་རིམ་པ། ཤང་གི་ཁོའོ་རིམ་པ་བཅས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་དེའི་ཁྲོད་ཀྲོའུ་ཡི་ཐིང་རིམ་པའི་ལས་བྱེད་པ“གོ་གནས་འབེབས་པའི”གནས་ཚུལ་ཞིང་ཨུད་རྩ་འཛུགས་པུས་རྩིས་བཤེར་བྱེད་པའི་འགན་ཁུར་རྒྱུ། རྩིས་བཤེར་བྱེད་པའི་ནང་དོན་གཙོ་བོའི་ནང་འགོ་ཁྲིད་ལས་བྱེད་པ་ལས་འཁྱུར་ངལ་གསོ་རྒྱག་པའི་ལམ་ལུགས་ལག་བསྟར་བྱས་ཚུལ་དང་། གོ་གནས་འཁུར་བའི་དུས་ཚོད་ཡོལ་ནས་ལེགས་སྒྲིག་བྱས་ཚུལ། འགན་འཁྲི་རྩད་གཅོད་རྐྱེན་གྱིས་ལེགས་སྒྲིག་བྱས་ཚུལ། ད་ལྟའི་གོ་གནས་འཁུར་རྒྱུར་མི་འཚམ་པའི་ལས་བྱེད་པར་ལེགས་སྒྲིག་བྱས་ཚུལ། བདེ་ཐང་རྐྱེན་གྱིས་ལེགས་སྒྲིག་བྱས་ཚུལ། སྒྲིག་འགལ་ཁྲིམས་འགལ་རྐྱེན་གྱིས་ལེགས་སྒྲིག་བྱས་ཚུལ་དང་དེ་བཞིན་ལེགས་སྒྲིག་བྱས་ཟིན་པའི་ལས་བྱེད་པ་སླར་ཡང་སྤྱོད་པའི་གནས་ཚུལ་བཅས་ཚུད་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ལུགས་ཀྱི་གཏན་འབེབས་ལ་གཞིགས་ན། 2016ལོའི་ཟླ་1ནས་འགོ་ཚུགས་ཏེ་ལོ་ལྟར་ལོ་ཕྱེད་ཐོག་རྩིས་བཤེར་ཐེངས་གཅིག་བྱེད་པ་དང་། རྩིས་བཤེར་བྱས་འབྲས་ཞིང་ཨུད་རྩ་འཛུགས་པུར་སྙན་སེང་ཞུ་དགོས་པ་དང་། གཙོ་བོ་ལས་བྱེད་པའི་དཔུང་ཁག་གི་གཞི་རྩའི་གནས་ཚུལ་དང་། ལས་བྱེད་པའི་གོ་གནས་སྤོར་རྒྱུ་ཡོད་ལ་འབེབས་རྒྱུའང་ཡོད་པའི་གནས་ཚུལ། གྲུབ་འབྲས་དང་ཉམས་མྱོང་། གནད་དོན་དང་དེའི་རྒྱུ་རྐྱེན་དབྱེ་ཞིབ། བསམ་འཆར་དང་གྲོས་འགོ། འབྲེལ་ཡོད་བསྡོམས་རྩིས་རེའུ་མིག་བཅས་སྙན་སེང་ཞུ་དགོས། ལོ་སྟོད་ཀྱི་སྙན་སེང་ལོ་དེའི་ཟླ་7ཚེས་15ཉིན་གྱི་གོང་དུ་ཞུ་དགོས་པ་དང་ལོ་སྨད་ཀྱི་སྙན་སེང་ལོ་རྗེས་མའི་ཟླ་1ཚེས་15ཉིན་གྱི་གོང་དུ་ཞུ་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།