འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་འོད་ཁྲིད་ཚི་སྐུད་དྲ་རྒྱ་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཡུལ་དེ་གའི་མིས“མེ་ཏོག་ལམ་དུ་བསྐྱོད་མྱོང་ཚེ། མི་ཡུལ་དཀའ་སྡུག་སྐྲག་དགོས་མེད”ཅེས་བཤད་སྲོལ་ཡོད། ཀྲུང་གོའི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཐའ་མ་སྟེ། བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་དུ་ད་ལྟ་འོད་ཁྲིད་ཚི་སྐུད་ཤར་གཏོང་ཐུབ་ནས་དྲ་སྦྲེལ་གྱི་སྟབས་བདེ་སྤྱོད་བཞིན་ཡོད་པ་རེད།
         ས་ཐག་རིང་བའི་ལྷོ་ནུབ་མཐའ་མཚམས་འདིར་བདེ་ཞིང་གྲོང་ཚོའི་གྲོང་མི་ཚོར“དྲ་ཆེན་ཀྲུང་གོའི”འདུ་འགོད་དང་དེ་བཞིན་གྲོང་གསེབ་དང་ཐག་རིང་ལུང་ཁུག་ས་ཆར་ལག་ལེན་བསྟར་བའི“གྲོང་ཚོར་ཤར་གཏོང་འདུ་འགོད”ལས་ཕན་པ་ཐོབ་པ་དཔེར་ན། ཀྲུང་གོ་སྒུལ་བདེས་2005ལོ་ནས་2016ལོའི་བར། བོད་དུ་རིམ་རྩིས་བརྒྱབ་ན་གྲོང་ཚོར་ཤར་གཏོང་འདུ་འགོད་ལ་མི་དམངས་ཤོག་སྒོར་དུང་ཕྱུར་34.14བཏང་ནས་སྲིད་འཛིན་གྲོང་ཚོ་4269དང་རང་བྱུང་གྲོང་ཚོ་1783ལ་སྒུལ་བདེའི་ཁ་པར་ཤར་གཏོང་བྱས་པ་དང་། སྲིད་འཛིན་གྲོང་ཚོ་1956ལ་དྲ་ཆེན་དང་ཤང་660ལ་འོད་ཁྲིད་ཚི་སྐུད་འཁྲིད་པ་རེད། སྤྱི་ལེ་4000ཟིན་པའི་མཐའ་མཚམས་ས་ཐིག་ཐོག་མཐའ་མཚམས་ཚོང་འགྲུལ་འགག་སྒོར་དྲ་རྒྱ་ཁྱབ་ཚད་100%ཟིན་ཡོད་པ་རེད།
         2015ལོར། བདེ་ཞིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྒུལ་བདེ་ཀུང་སིར་དྲ་ཆེན་ཉམས་གསོ་བྱེད་དགོས་པའི་རེ་བ་བཏོན་པར་སྒུལ་བདེ་ཀུང་སིས་དང་ལེན་ཧུར་ཐག་བྱས་པ་རེད། མེ་ཏོག་རྫོང་ཁོངས་གཏོགས་ལ་ཤང་བདུན་དང་གྲོང་རྡལ་གཅིག་ཡོད་ཅིང་། མེ་ཏོག་རྫོང་གྲོང་དུ་2015ལོར་དྲ་ཆེན་ཚང་མར་ཁྱབ་ཐུབ་པ་བྱུང་བ་དང་། བདེ་ཞིང་ཤང་སྲིད་གཞུང་དང་། སྟག་མོ་ཤང་སྲིད་གཞུང་། འབྲས་སྤུངས་ཤང་སྲིད་གཞུང་། མེ་ཏོག་གྲོང་རྡལ་སྲིད་གཞུང་། ཡ་གདུང་གྲོང་ཚོ། མེ་ཏོག་གྲོང་ཚོ། བདེ་ཞིང་གྲོང་ཚོ། འབྲས་སྤུངས་གྲོང་ཚོ་སོགས་སུ་2016ལོར་དྲ་ཆེན་ཁྱབ་ཐུབ་པ་བྱུང་ཡོད། ཡིན་ནའང་། གཞུང་ལམ་དང་གློག་ཤུགས་སོགས་ཆ་རྐྱེན་གྱི་ཚོད་འཛིན་འོག་བྱ་ར་ས་ཤང་དང་། དགའ་ལྡན་ཤང་། དེ་བཞིན་སྲིད་འཛིན་གྲོང་ཚོ་ཁག་གཅིག་ལ་ད་དུང་འོད་ཁྲིད་ཚི་སྐུད་འཁྲིད་ཐུབ་མེད་པ་རེད།
         ད་ལོ་བོད་དུ་གྲོང་ཚོར་ཤར་གཏོང་འདུ་འགོད་མུ་མཐུད་སྤེལ་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་བོད་དུ་ལོ་ཧྲིལ་པོར་སྲིད་འཛིན་གྲོང་ཚོ་791ལ་དྲ་ཆེན་ཤར་གཏོང་དང་སྲིད་འཛིན་གྲོང་ཚོ་905ལ་དྲ་ཆེན་རིམ་སྤོར་བྱེད་པའི་འཛུགས་སྐྲུན་ལས་འགན་བཏོན་ཡོད། བོད་ལྗོངས་སྒུལ་བདེ་ཀུང་སིར་ལས་འགན་གསུམ་ཆ་གཅིག་ཙམ་བགོས་པ་དང་མེ་ཏོག་རྫོང་གི་དྲ་ཆེན་ཤར་གཏོང་ཐུབ་མེད་པའི་ཤང་གཉིས་འཆར་གཞིའི་ནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།