འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཨ་ཆེན་གངས་རྒྱབ་ཀྱི་མཚེའུ་གལ་ཆེན་གྱི་ཆུ་དཔྱད་དང་ཆུའི་ཁོར་ཡུག་
    ལ་རྟོག་ཞིབ་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་འབྲི་ཆུ་ཆུ་བེད་ཨུ་ལྷན་གྱི་འབྲི་ཆུ་ཚན་རིག་ཁང་དང་མཉམ་དུ་ཨ་ཆེན་གངས་རྒྱབ་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚྭ་ཁ་སོགས་མཚེའུ་གལ་ཆེན་6དང་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་ཁོར་ཡུག་ལ་རྟོག་ཞིབ་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཚན་ཞིབ་རུ་ཁག་གིས་མཚོ་བོད་གཞུང་ལམ་རྒྱུད་དེ་སྨུག་སའི་སོག་ལམ་དང་བ་ཡན་མདུང་རྩེ་བརྒལ་ནས་གདང་ལའི་གྲོང་རྡལ་སོགས་སུ་བསྐྱོད་པ་དང་འབྲེལ། ས་བབ་སྨི་5500ལྷག་ཙམ་ཡོད་པའི་མཐོ་གྲང་ཁུལ་དུ་རྐང་ཐང་མར་ཆུ་ཚོད་ཁ་ཤས་བསྐྱོད་རྗེས་གངས་འཁྱགས་ཆོས་པའི་འཁྱགས་རོམ་ནས་ཆུ་དཔེ་བླངས་ཏེ་འཁྱགས་རོམ་གྱི་འགུལ་ཚུལ་ལ་ལྟ་དཔྱད་བྱས་པ་མ་ཟད། ལམ་བར་དུ་ཆུ་དམར་དང་། ལུ་མ་ཆུ། ཐོག་ཐོན་གཙང་པོ། འབྲི་ཆུ་སོགས་གཙང་པོར་རྟོག་ཞིབ་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།