འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“ཧྭ་ལུང་ཨང་དང་པོ་རྟགས་ཅན་”དབྱིན་ཇིའི་རྣམ་གྲངས་2022ལོར་དངོས་སུ་
    བསྐྲུན་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་ཀྲུང་གོའི་ཀོང་ཏུང་ཉིང་རྡུལ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཧོང་ཞའོ་ཧྥེས། རང་རྒྱལ་གྱི་རང་བརྟེན་ཤེས་བྱའི་བདག་དབང་ཡོད་པའི་རབས་གསུམ་པའི་ཉིང་རྡུལ་གློག་ཤུགས་ལག་རྩལ་ཇུས་གཞི་དང་པོ་ཡིན་པའི་“ཧྭ་ལུང་ཨང་དང་པོ་རྟགས་ཅན་”དབྱིན་ཇིའི་ཐུང་ཡུང་འཆར་འགོད་ཞིབ་བཤེར(GDA)བྱས་རྗེས་2022ལོའི་གཡས་གཡོན་དུ་དབྱིན་ཇིར་བསྐྲུན་ཐུབ་པ་བྱ་རྒྱུ་རེད།
         ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པའི་དབྱིན་ཇིའི་ཉིང་རྡུལ་གློག་ཤུགས་རྣམ་གྲངས་ཀྱི་གན་རྒྱའི་གྲོས་མོལ་གྱི་འགན་ཁུར་བ་ཚའོ་དབྱི་ཀང་གིས། ཀྲུང་གོ་ཕྱོཌ་ཀྱིས་དབྱིན་ཇིའི་ཤིན་ཁེ་ལི་ཅའོC(HPC)དང་། སའེ་སི་ཝེརC(SZC) པུའུ་ལཱ་ཏེ་ཝེརB(BRB)བཅས་ཉིང་རྡུལ་གློག་ཤུགས་ཀྱི་རྣམ་གྲངས་ཆེ་གྲས་གསུམ་ལ་མ་འཇོག་དང་འཛུགས་སྐྲུན་ནང་ཞུགས་པའི་ལྟེ་བའི་རེ་འདུན་ནི་“ཧྭ་ལུང་ཨང་དང་པོ་རྟགས་ཅན་”GDAབརྒྱུད་ནས་མཐར་རྣམ་གྲངས་BRBབསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ལྟེ་བའི་རེ་འདུན་དེར་དབྱིན་ཇི་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         དབྱིན་ཇི་སྲིད་གཞུང་གིས་ཟླ་9པར་རྣམ་གྲངས་HPCཡི་མཐའ་མཇུག་གི་མ་འཇོག་གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་དངོས་སུ་ཧྭ་ལུང་ལག་རྩལ་དབྱིན་ཇིའི་ཐུང་ཡུང་འཆར་འགོད་ཞིབ་བཤེར་གྱིས་བདག་སྤྲོད་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།