འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བས་བཙུགས་པའི་འཛིན་ཆས་ཚོང་ཁང་ཆེན་པོ་ཐོག་མ་དེ་ཀག་ན་རུ་ལས་གཉེར་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བས་གསར་འཛུགས་དང་གཉེར་སྐྱོང་བྱེད་པའི་འཛིན་ཆས་ཚོང་ཁང་ཆེན་པོ“Save More”ཚེས་8ཉིན་ཀག་ནའི་རྒྱལ་ས་ཨ་ཁ་རར་ལས་གཉེར་བྱེད་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཀག་ནའི་འཛིན་ཆས་ཁྲོམ་རའི་ཐོག་གནས་བབ་ངེས་ཅན་ཞིག་བཟུང་བ་མཚོན་པ་རེད།
         ཚོང་ཁང་དེར་ཐོག་སོ་གཉིས་ཡོད་པ་དང་ས་ཆ་སྨི་ངོས་གྲུ་3000ལྷག་ཙམ་བཟུང་ཡོད། གཙོ་བོ་ཁྱིམ་ཆས་དང་། ཁང་པ་མཛེས་བཟོ། གློག་ཆས། གཞུང་སྒྲུབ་མཁོ་ཆས་སོགས་ཚོང་གཉེར་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྤུས་རྟགས་མང་པོ་ཞིག་འདུས་ཡོད། དེ་གོང་ཀྲུང་གོའི་སྤུས་རྟགས་ཀྱི་གློག་ཆས་དང་གཞུང་སྒྲུབ་མཁོ་ཆས་སོགས་མང་ཆེ་བ་ཆེད་ཚོང་ཁང་གི་རྣམ་པའི་ཐོག་ནས་ཀག་ནར་ཕྱིར་ཚོང་བྱེད་ཀྱི་ཡོད། ཚོང་ར་དེས་ཀྲུང་གོའི་སྤུས་རྟགས་དེ་བས་ལེགས་པའི་ངང་ཁྱབ་གདལ་གཏོང་ཆེད་གཞི་ཁྱོན་སྔར་བས་ཆེ་བའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད་པ་རེད།
         ཚོང་ར་གཏོད་མཁན་དང་ཏུང་ཧྲི་ཀྲང་གཅིག་ལྕོགས་ཡིན་པའི་ལུས་ཝུན་ལུང་གིས་བཅར་འདྲི་དང་ལེན་བྱེད་སྐབས་“Save More”ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་འཛད་སྤྱོད་པར་སྤུས་ཀ་ལེགས་ལ་གོང་ཁེ་བའི་ཐོན་རྫས་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་འབྲེལ་བཙོང་རྗེས་ཀྱི་ཞབས་ཞུ་བྱ་རྒྱུ་ཁྱད་ཆོས་སུ་བྱས་ཏེ་འཛད་སྤྱོད་པའི་ཡིད་དབང་འགུག་རྒྱུ་ཡིན་ཞེས་བཤད། ཁོང་གིས་ཚོང་ཁང་དེས་འཛད་སྤྱོད་པས་འཛིན་ཆས་དང་གློག་ཆས་ཉོས་ན་རིན་མི་དགོས་པར་སྐྱེལ་བ་དང་སྒྲིག་སྦྱོར་ཞབས་ཞུ་བྱ་རྒྱུ་དང་དེའི་ཐོག་ནས་ཀག་ནའི་ཁྲོམ་རའི་ཁྲོད་ཀྱི་ཀྲུང་གོའི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་དང་གདེང་འཇོག་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་ཞིང་། “འཛད་སྤྱོད་པས་ཁུར་མི་ཐུབ་པ་དང་དབོར་མི་བདེ་བའི་ཚོང་ཟོག་ཡིན་ཕྱིན་ང་ཚོས་རིན་མི་དགོས་པར་སྐྱེལ་རོགས་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།
         ཀག་ནའི་འཛད་སྤྱོད་པ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་“ང་ཚོང་ཁང་དེའི་ཉོ་སྒྲུབ་ཁོར་ཡུག་ལ་ཧ་ཅང་དགའ་པོ་ཡོད། དེའི་ནང་གཞུང་སྒྲུབ་མཁོ་ཆས་སྣ་ཁ་འཛོམས་པོ་ཡོད་པ་མ་ཟད་བྱ་དགའི་བུམ་པའང་འཚོང་རྒྱུ་འདུག”ཅེས་བཤད།
         ཀག་ནར་ཚོང་རྒྱག་བཞིན་པའི་ཀྲུང་གོའི་འཛད་སྤྱོད་པ་ཞིག་གིས་“ཁེ་ལས་ཀྱིས་ཚོང་ཁང་དེའི་ནང་ཚོང་ཟོག་ཉོ་སྒྲུབ་བྱ་རྒྱུར་ཧ་ཅང་འཚམ་པོ་འདུག འཛིན་ཆས་དང་གཞུང་སྒྲུབ་མཁོ་ཆས་གང་དགོས་ཡོད་པ་མ་ཟད། ད་དུང་སྤུས་ཚད་འགན་ལེན་གྱི་སྤུས་རྟགས་ཐོན་རྫས་མང་པོ་ཡོད་པས་གཅིག་འཐུས་རྣམ་པའི་ཉོ་སྒྲུབ་བྱ་ཐབས་དེ་རིགས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།