འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཐེ་ཝེ་ཡར་བོད་ཀྱི་ཉིན་བདུན་ཞེས་པའི་པར་རིས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་7ཉིན་ལ་ཐེ་ཝེ་ཡའི་རྒྱལ་ས་རི་ཀིའི་ཏུའོ་མུའུ་ཐང་ཆེན་དུ་བོད་ཀྱི་ཉིན་བདུན་ཞེས་པའི་པར་རིས་འགྲེམས་སྟོན་བྱས་པ་དང་། དུས་ཡུན་ཉིན་10རིང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱེད་པའི་པར་རིས་30འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
         ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་དེ་ལ་ཐེ་ཝེ་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གི་གན་འཇོག་པར་ལེན་མཁས་ཅན་ཡཱ་ཉི་སི·ལའེ་ཙན་སིས་གཙོ་གཉེར་བྱས་པ་ཞིག་ཡིན། འདི་ལོའི་ཟླ་6པར་གདན་ཞུས་ལྟར་ཡཱ་ཉི་སི་ཨེ་སོ་ནི་ཡ་དང་། ལ་ཐེ་ཝེ་ཡ། ལི་ཐུ་ཝན་བཅས་རྒྱལ་ཁབ་གསུམ་གྱི་གསར་འགོད་པའི་ཚོགས་པའི་ནང་ཞུགས་ཏེ་བོད་ལ་འཚམས་འདྲི་བྱས་པ་མ་ཟད། པར་ཆས་ལ་བརྟེན་ནས་ངོ་མཚར་ཆེ་བའི་རྣམ་པ་མང་པོ་པར་ལེན་བྱས་པ་རེད།
         ཡཱ་ཉི་སིས“བོད་དེ་ཧང་སངས་དགོས་པ་ཞིག་འདུག་”ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་རེད། ཉིན་7གྱི་འཚམས་འདྲིའི་རིང་། ཁོང་རང་ཉིད་ཀྱིས་མཛེས་སྡུག་ལྡན་པའི་བོད་དེ་མྱོང་ཚོར་ཐུབ་ཡོད་ལ་གཞུང་དྲང་བབ་ཆགས་དང་། སེམས་བཟང་། དད་སེམས་ཆེ་བའི་བོད་ཀྱི་སྐྱེ་བོ་ཡང་མཐོང་བྱུང་། ཁོང་གིས་“ལ་ཐེ་ཝེ་ཡའི་མི་མང་པོ་ཞིག་བོད་དུ་འགྲོ་བའི་གོ་སྐབས་མེད་སྟབས་པར་རིས་འགྲེམས་སྟོན་བྱས་པ་བརྒྱུད་ཁོང་ཚོ་དང་མཉམ་དུ་ཇི་མ་ཇི་བཞིན་གྱི་བོད་ལྗོངས་ལོངས་སུ་སྤྱོད་རྒྱུའི་བསམ་ཚུལ་ཞིག་ང་ལ་སྐྱེས་བྱུང་”ཞེས་བཤད། ཡཱ་ཉི་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཏུའོ་མུའུ་ཐང་ཆེན་ནི་རི་ཀོའི་གནའ་གྲོང་དུ་གནས་ཡོད་ལ་རི་ཀོའི་འདུ་འཛི་ཆེ་ཤོས་ཀྱི་ས་ཆ་ཞིག་ཡིན་པས། ས་ཆ་དེ་གར་པར་རིས་འགྲེམས་སྟོན་གཉེར་ཚེ་མི་དེ་བས་མང་བ་ལྟ་སྐོར་དུ་ཡོང་ཐུབ་རྒྱུ་རེད། ཁོང་གིས་ཐང་ཆེན་ཐོག་གནས་པའི་ཏུའོ་མུའུ་ཆོས་ཁང་ནི་རི་ཀོའི་ཆེས་རྙིང་ཤོས་ཀྱི་ཆོས་ཁང་གི་གྲས་ཤིག་ཡིན་པ་དེར་ལོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པས་བོད་ཀྱི་པར་རིས་འགྲེམས་སྟོན་དང་ཕན་ཚུན་གཅིག་ལ་གཅིག་ལྟོས་ཀྱི་ངོ་མཚར་རྣམ་པ་ཞིག་ཆགས་ཐུབ་ཡོད་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།