འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ལོ་སྟོད་ཀྱི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་
    73.4%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་གོང་ཚེས་ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཏན་དབྱང་གིས་རང་རྒྱལ་གྱི་ལོ་སྟོད་ཀྱི་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་73.4%ཟིན་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ཀྱི་རྨང་གཞིའི་ནུས་པ་སྔར་བས་ཆེ་རུ་སོང་ཡོད་ཅེས་བརྗོད།
         ན་ནིང་ཟླ་8པའི་ཟླ་མཇུག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ནང་གི་ཉོ་ཚོང་འཁོར་རྒྱུག་དེང་རབས་ཅན་དུ་འགྱུར་བ་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བ་བྱེད་པའི་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ཡོད། ཧྲེན་ཏན་དབྱང་གིས་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུའི་ཐོག་ལོ་གཅིག་རིང་ཚོང་དོན་པུས་འཁོར་རྒྱུག་ཆ་འཕྲིན་ཅན་དང་། ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བར་སྐུལ་མ་གཏོང་བའི་རྨང་གཞིའི་ཐོག་“དྲ་སྦྲེལ་དང་འཁོར་རྒྱུག་ཟུང་དུ་འབྲེལ་བའི་”བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ་དང་དྲ་ཐོག་ཚོང་དོན་སྡེ་ཁུལ་དང་གྲོང་ཚོར་སྤེལ་ཏེ་དྲ་ཐོག་དང་དྲ་འོག་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་བས་འཁོར་རྒྱུག་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།
         “རྒྱལ་ནང་གི་ཉོ་ཚོང་འཁོར་རྒྱུག་དེང་རབས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་རྒྱུར་སྐུལ་མ་ཏན་ཏིག་བཏང་བ་དེས་རྒྱལ་ནང་གི་གྲོང་མིའི་འཛད་སྤྱོད་བརྟན་པོའི་ངང་མུ་མཐུད་འཕར་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་”ཅེས་ཧྲེན་ཏན་དབྱང་གིས་དེ་ལྟར་བརྗོད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་ཚོང་དོན་པུས་དྲ་ཐོག་ཚོང་དོན་གྱི་དཔེ་སྟོན་རྟེན་གཞི་100དང་། དྲ་ཐོག་ཚོང་དོན་དཔེ་སྟོན་ཁེ་ལས་248 དམངས་ཕན་འཚོ་བའི་ཞབས་ཞུའི་ས་ཚིགས་ཁག་གཅིག་བཅས་འཛུགས་རྒྱུར་སྐུལ་མ་བཏང་ནས་སྡེ་ཁུལ་གྱི་གྲོང་མིའི་ཚལ་ཉོ་དཀའ་བ་དང་། ཟས་མངག་དཀའ་བ། བུ་རྫི་འཚོལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། རྫོང་496ལ་དྲ་ཐོག་ཚོང་དོན་གྲོང་གསེབ་ལ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་བཙུགས་ནས་གྲོང་གསེབ་ཀྱི་ཞབས་ཞུའི་ས་ཚིགས་ཁྲི་3.7བསྐྲུན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།