འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་
    རྒྱལ་ཡོངས་སུ་རྒན་རྒོན་ལ་ཕུལ་བྱུང་དཔེ་སྐྲུན་དངོས་པོ་50འོས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་ཁྱབ་བསྒྲགས་བྱས་པའི་“2016ལོའི་རྒྱལ་ཡོངས་སུ་རྒན་རྒོན་ལ་ཕུལ་བྱུང་དཔེ་སྐྲུན་དངོས་པོ་འོས་སྦྱོར་”གྱི་དཀར་ཆག་ནང་དཔེ་དེབ་སྣེ་ཁ་45དང་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་དངོས་པོ་སྣེ་ཁ་5ཚུད་ཡོད། ཀྲུང་ཧྭ་དཔེ་དེབ་ཅུས་དང་མི་རིགས་འཕྲོད་བསྟེན་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཚན་པ་50ལྷག་ཙམ་གྱི་དཔེ་སྐྲུན་དངོས་པོ་50ལྷག་ཙམ་ཚུད་ཡོད་པ་རེད།
         ཕུལ་བྱུང་དཔེ་སྐྲུན་དངོས་པོ་སྣེ་ཁ་50དེ་དག་རིག་གནས་དང་། རིག་རྩལ། བདེ་ཐང་། འཚོ་བ་སོགས་གང་ས་ཅི་ཐད་ལ་ཁྱབ་པས་ནང་དོན་ཕུན་སུམ་ཚོགས་ཤིང་། བརྗོད་གཞི་སྣ་ཚོགས་ཡོད། དེའི་ནང་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཀློག་དེབ་(2016ལོའི་པར་མ་)》ཡོད་པས་རྒན་རྒོན་ཚོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པར་ཁྱོན་ཡོངས་དང་། གནད་ལ་འཁེལ་བ། གསོན་ཉམས་ལྡན་པའི་ངང་གོ་བ་ལེན་རྒྱུར་རོགས་རམ་ཐུབ་རྒྱུ་རེད། ད་དུང་དེའི་ནང་《ཏུང་པི་ཝུས་ཁྱིམ་ལ་བཏང་བའི་ཡི་གེ་》དང་《ཀྲུང་གོའི་རིག་གནས་ཀྱི་འབྱུང་རྩའི་སྙིང་སྟོབས་》སོགས་རིག་གནས་ཀྱི་དཔེ་དེབ་དང་། 《དཔྱིད་འགོའི་མེ་ཏོག་དམར་པོ》་དང་《ཁྲ་ཡོལ་དཀར་པོ་》སོགས་རྩོམ་རིག་དཔེ་དེབ། 《ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན(2016ལོའི་ཚན་རྩལ་ཁྱབ་སྤེལ་པར་མ་)》《གྲིབ་སྐྱོན་འགོག་པའི་རབ་བཏགས་རི་མོ་》སོགས་བདེ་ཐང་གི་དེབ། 《ཀྲུང་གོའི་རྒན་རྒོན་གྱིས་རང་གིས་རང་ཉེན་གཡོལ་དང་རང་སྐྱོབ་བྱེད་པའི་ཕྱོགས་སྟོན་》《སྤྲོ་སྣང་ལྡན་པའི་རྒན་རྒོན་》སོགས་འཚོ་བའི་སྐོར་གྱི་དཔེ་དེབ་ཡོད་པ་མ་ཟད། ཕུལ་བྱུང་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་དངོས་པོ་ཁག་གཅིག་སྟེ་《ཀྲུང་ཧྭའི་སྙན་ཚིག་གི་ཉམས་འགྱུར་》དང《ཇི་སྲིད་བར་གནས་པའི་ཅའོ་ཡུས་ལུའུ་》སོགས་ཀྱང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།