འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་སྦྲག་སྲིད་ཉིན་མོར་སྦྲག་རྟགས་ཐོག་གི་རྒྱང་སྐྱོད་ལ་གཟིགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཛམ་གླིང་སྦྲག་སྲིད་ཉིན་མོར་སྦྲག་རྟགས་ཐོག་གི་རྒྱང་སྐྱོད་ལ་གཟིགས་པ།
          མི་དམངས་དྲ་བའི་འཕྲིན། སྦྲག་རྟགས་ཀྱི་ཆེ་ཆུང་ལ་ཚུན་གང་ལས་མེད་ཀྱང་། དེ་རུ་རྒྱལ་ཁབ་ཅིག་གི་ལོ་རྒྱུས་བཀོད་ཡོད་པ་རེད། སྐད་གྲགས་ལྡན་པའི་དམར་དམག་གི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་རླབས་པོ་ཆེ་དང་བསམ་པའི་ཐོག་སྤོབས་པ་སྐྱེ་འོས་པ་ཞིག་ཡིན། རྒྱལ་ཁབ་སྦྲག་སྲིད་སྡེ་ཁག་གིས་སྔ་རྟིང་དུ་རྒྱང་སྐྱོད་ལ་རྗེས་དྲན་ཞུ་བའི་སྦྲག་རྟགས་ཆ་ཚང་བ་རབ་དང་རིམ་པ་འགྲེམས་སྤེལ་བྱས་ནས་རྒྱང་སྐྱོད་རླབས་པོ་ཆེ་དེ་རྟག་བརྟན་དུ་གནས་པར་མཛེས་སྡུག་འགྲན་ཟླ་བྲལ་བའི་མཛེས་རིས་སུ་སྙིང་བསྡུས་བྱས་ཡོད་པ་རེད།
           ཟླ་10ཚེས་9ཉིན་ནི་འཛམ་གླིང་གི་སྦྲག་སྲིད་ཉིན་མོ་ཡིན་ལ། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཡང་ཡིན་པས། རྗེས་དྲན་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་རྒྱུས་ཀྱི་དུས་སྐབས་འདིར་ང་ཚོས་མཉམ་དུ་རྒྱང་སྐྱོད་ལ་རྗེས་དྲན་ཞུ་བའི་སྦྲག་རྟགས་ལ་རོལ་མྱོང་བྱས་ཏེ་སྔོན་ཆད་ཀྱི་ལོ་ཟླར་ཕྱིར་མིག་ལྟ་བ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཚོར་ཤེས་བྱེད་དོ།།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།འཛམ་གླིང་སྦྲག་སྲིད་ཉིན་མོར་སྦྲག་རྟགས་ཐོག་གི་རྒྱང་སྐྱོད་ལ་གཟིགས་པ།
      

    ཕྱོགས་བསྡུས་གསར་འགྱུར།