འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ཐི་རྒྱལ་ཁབ་ཏུ་རྒྱ་མཚོའི་རླུང་འཚུབ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་336
    ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་ཐེ་ཐི་(海地)རྒྱལ་ཁབ་ཀྱི་རྒྱལ་ས་རྒྱལ་སྲས་གྲུ་ཁ་གྲོང་ཁྱེར་ནས་སྤེལ་བའི་གནས་འཕྲིན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་ཆ་འཕྲིན་སྤེལ་ནས་ཐེ་ཐི་རྒྱལ་ཁབ་ཀྱི་དམངས་ཟོན་ཅུས་ཀྱིས་རྒྱ་མཚོའི་རླུང་འཚུབ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་336ལ་འཕར་ཡོད་པ་དང་། གཞན་ད་དུང་མི་211ལ་རྨས་སྐྱོན་ཕོག་པ་དང་། མི་4གར་སོང་ཆ་མེད་དུ་གྱུར་ཡོད་པ་ངོས་འཛིན་བྱས་ཡོད་ཅེས་བརྗོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ཀྱི་ལས་དོན་མཐུན་སྦྱོར་ཐིང་གིས་བཤད་དོན། མིག་སྔར་གནོད་འཚེ་ཚབས་ཆེ་ཤོས་ཕོག་ཁུལ་ཁ་ཤས་སུ་ཐད་འཕུར་གནམ་གྲུར་ཁོ་ནར་བརྟེན་ནས་མྱུར་སྐྱོབ་བྱ་དགོས་པ་དང་། གནོད་ཕོག་གནས་ཚུལ་དཔྱད་དཔོག་ལས་དོན་སྤེལ་བ་དང་ཆབས་ཅིག་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་འཕར་སྲིད། ཐེ་ཐི་རྒྱལ་ཁབ་ཏུ་རྒྱ་མཚོའི་རླུང་འཚུབ་བྱུང་བ་ལས་མི་གྲངས་ཁྲི་6ལྷག་གིས་ཁྱིམ་གཞིས་བསྐྱུར་ནས་ཡུལ་བྱོལ་མི་བྱེད་ཐབས་མེད་བྱུང་ཞིང་། མིག་སྔར་ཁོ་ཚོ་གནས་སྐབས་གནོད་འབྱོལ་ཁང་191ཏུ་གནས་སྡོད་བྱེད་བཞིན་ཡོད་པ་རེད།
         ཟླ་10ཚེས་7ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་གི་འཕྲལ་བསྟུན་ཐེབས་རྩས་སྤྱི་བསྒྲགས་སྤེལ་ནས་མགྱོགས་མྱུར་འཕྲལ་བསྟུན་ཐེབས་རྩའི་མ་དངུལ་ཨ་སྒོར་ཁྲི་500འདོན་སྤྲོད་བྱས་ནས་ཐེ་ཐི་རྒྱལ་ཁབ་ཀྱི་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩའི་ལྷན་ཚོགས་ལ་དངུལ་བུན་བསྡུ་རྒྱུག་མ་དངུལ་ཨ་སྒོར་ཁྲི་800མཁོ་འདོན་བྱས་ཏེ་ཐེ་ཐི་རྒྱལ་ཁབ་ཏུ་མཚམས་ཆད་མེད་པར་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐྱུག་བཤལ་ནད་རིགས་འགོག་བཅོས་བྱེད་རོགས་བྱས་ཡོད་ཅེས་བཤད་པ་རེད།
         ཐེ་ཐི་རྒྱལ་ཁབ་ནི་འཛམ་གླིང་ཐོག་དར་རྒྱས་ཆེས་དལ་བའི་རྒྱལ་ཁབ་ཀྱི་ཡ་གྱལ་ཡིན་ལ། དབུལ་ཐ་ཡིན་པ་དང་། རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེར་སྔོན་འགོག་གྲ་སྒྲིག་འཐུས་ཚང་བྱས་མེད་པ། སྡོད་ཁང་གི་སྤུས་ཚད་ཞན་པ། མི་འབོར་འདུས་ཚད་ཆེ་བ་སོགས་ནི་ཐེངས་འདིའི་གནོད་འཚེ་ཁྲོད་དུ་ཐེ་ཐི་རྒྱལ་ཁབ་ལ་མི་གྲངས་ཤི་རྨས་ཚབས་ཆེན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།    
      

    ཕྱོགས་བསྡུས་གསར་འགྱུར།