འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་
    ཡག་པོ་ཡོད་པ་བཤད་པ།

    ཀྲུང་གོའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་གི་ཉེན་འགོག་ནུས་པར་གདེང་འཇོག་ཆེན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཉེ་ཆར་བཏོན་པའི་《འཛམ་གླིང་དཔལ་འབྱོར་རྒྱང་ལྟ་》དང་《གོ་ལ་ཧྲིལ་པོའི་དངུལ་རྩ་བརྟན་པོ་ཡོང་བའི་སྙན་ཞུ་》བཅས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པར་གདེང་འཇོག་ཆེན་པོ་བྱས་པ་སྟེ། དུས་འགོར་ཀྲུང་གོས་དཔལ་འབྱོར་འཕར་གཞི་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་བཏོན་པ་དེས་དཔལ་འབྱོར་ཅུང་མགྱོགས་པོའི་ངང་འཕར་རྒྱུར་ནུས་པ་ཐོན་ནས་འདི་ལོ་དང་སང་ལོར་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་6.6%དང་6.2%སོ་སོར་ཟིན་རྒྱུའི་སྔོན་དཔག་བྱས་པ་མ་ཟད། ཀྲུང་གོ་སྲིད་གཞུང་གི་ཉེ་ཆར་གྱི་སྒྱུར་བཅོས་དེས་སྔར་བས་དོ་སྙོམས་ངང་འཕར་རྒྱུར་སྐུལ་མ་ཐེབས་རྒྱུ་ཡིན་ལ་ཁྲོམ་རའི་ནུས་པ་སྔར་བས་ཆེ་བ་བཏོན་པ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་གི་ཉེན་འགོག་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱས།
         《འཛམ་གླིང་དཔལ་འབྱོར་རྒྱང་ལྟ་》ཞེས་པའི་ནང་། ཀྲུང་གོ་དང་རྒྱ་གར་སོགས་གསར་དར་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིས་འཛམ་གླིང་གི་ཆ་སྙོམས་ཀྱི་མྱུར་ཚད་ལས་མཐོ་བའི་འཕར་ཚད་མུ་མཐུད་རྒྱུན་བསྐྱངས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་སྤེལ་བྱུང་ནས་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུ་དང་དཔལ་འབྱོར་ཁྲོད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་མུ་མཐུད་མཐོ་རུ་འགྲོ་རྒྱུ་རེད། ཀྲུང་གོས་སྤྱི་ཚོགས་ཀྱི་བདེ་འཇགས་དྲ་བ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་ལས་རིགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་མ་བཏང་བ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་བརྟན་པོའི་ངང་མུ་མཐུད་སྐུལ་སྤེལ་ཐུབ་རྒྱུ་རེད་ཅེས་འཁོད་ཡོད་པ་དང་། ཡང་སྙན་ཞུའི་ནང་ཀྲུང་གོ་བ་མི་རེའི་ཆ་སྙོམས་ཡོང་འབབ་མུ་མཐུད་འཕར་བ་དང་སྦྲགས་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་ཡོང་འབབ་ཧེ་བག་དེ་འབྱུང་འགྱུར་ལོ་ལྔའི་ནང་བརྒྱ་ཆའི་གྲངས་7ཆུང་དུ་འགྲོ་བཟོ་ཡོད་ཅེས་བཤད་ཡོད།
         སྙན་ཞུའི་ནང་། ཀྲུང་གོས་དཔལ་འབྱོར་དེ་མ་འཇོག་དང་བཟོ་ལས་ལ་བརྟེན་པ་ནས་འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་ལ་བསྒྱུར་རྒྱུར་མུ་མཐུད་སྐུལ་མ་བཏང་བས་སྲིད་ཇུས་དེ་རིགས་ཀྱིས་དུས་ཐུང་ནང་དཔལ་འབྱོར་གྱི་འཕར་ཚད་ཆུང་དུ་འགྲོ་ནའང་རྒྱུན་སྲིང་ངང་འཕེལ་རྒྱས་ཡུན་རིང་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་བཟོ་ཡོད་ཅེས་འཁོད་ཡོད།
         《གོ་ལ་ཧྲིལ་པོའི་དངུལ་རྩ་བརྟན་པོ་ཡོང་བའི་སྙན་ཞུའི་》ནང་། འདས་པའི་ལོ་20ཡི་རིང་གསར་དར་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་ཀུང་སི་བཅོས་སྒྲིག་དང་མ་འཇོག་མཁན་ལ་སྲུང་སྐྱོབ་བྱ་རྒྱུར་སྤྱི་ཡོངས་ནས་ལེགས་བཅོས་ཐུབ་པ་དེས་དངུལ་རྩའི་སྒྲིག་གཞིའི་རྒྱུན་གནས་ཀྱི་སྙུགས་ཤེད་ཆེ་རུ་འགྲོ་རྒྱུར་ཕན་པ་ཐོབ་ཡོད་ཅེས་དང་། ཡང་དེའི་ནང་ཉེ་ཆར་གྱི་ཀྲུང་གོ་སྲིད་གཞུང་གི་སྒྱུར་བཅོས་དེས་དོ་སྙོམས་ངང་འཕར་རྒྱུར་སྐུལ་མ་ཐེབས་ནས་ཁྲོམ་རའི་ནུས་པ་སྔར་བས་ཆེ་རུ་སོང་སྟེ་ཀྲུང་གོའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་གི་ཉེན་འགོག་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་མོད། འོན་ཀྱང་འདེགས་ཚད་དམའ་རུ་དང་ལྟ་འདོམས་སྒྲིག་གཞིའི་ཕྱོགས་བསྡུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བའི་ཐོག་ནས་ཀྲུང་གོའི་ཁེ་ལས་ལ་བུན་ཆེན་ཟུག་པའི་གནད་དོན་དང་དངུལ་རྩའི་སྡེ་ཚན་གྱི་ཞན་ཆའི་རྐྱེན་རྩ་ཆེ་རུ་འགྲོ་བའི་གནད་དོན་ཐག་གཅོད་མགྱོགས་མྱུར་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།