འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སང་ཐུའོ་སི་ཡིས་ཝང་དབྱི་ལ་མཇལ་འཕྲད་གནང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སང་ཐུའོ་སི་ཡིས་ཝང་དབྱི་ལ་མཇལ་འཕྲད་གནང་བ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་7ཉིན་ཁོ་ལིམ་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་སང་ཐུའོ་སི་ཡིས་པོ་ཀོ་ཐ་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ལ་མཇལ་འཕྲད་གནང་བ་རེད། 
         ཝང་དབྱི་ཡིས་ཙུང་ཐུང་སང་ཐུའོ་སི་ལ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་མཛའ་བརྩེ་ལྡན་པའི་འཚམས་འདྲི་བརྒྱུད་བཤད་གནང་བ་དང་། ཝང་དབྱི་ཡིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྟག་བརྟན་འགྱུར་མེད་ཀྱིས་ཁོ་ལོམ་པི་ཡ་རྒྱལ་ཁབ་ཀྱི་ཞི་བདེ་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་ཁོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཁོ་ལོམ་པི་ཡའི་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐོག་ནས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་ཡིད་ཆེས་ཇེ་ཟབ་བྱེད་པ། དམ་པ་དོན་གཉེར་གྱི་མཉམ་ལས་ཇེ་ཟབ་སྤེལ་བ། ཕྱོགས་གཉིས་བར་གྱི་རང་མོས་ཉོ་ཚོང་བཀོད་སྒྲིག་བྱེད་ཐབས་འཚོལ་ཞིབ་བྱེད་པ། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་དང་། རྒྱལ་སྤྱིའི་རང་མོས་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱས་ཏེ་ཀྲུང་ཁོ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་པོ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།