འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དངུལ་ཁང་གིས་ལས་མི་གདན་འདྲེན་ཞུ་བ་ཞེས་པ་དེ་ནི་ཆ་འཕྲིན་རྫུན་མ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་དྲ་རྒྱའི་ཐེར་འདོན་ལྟེ་གནས་སུ་དྲ་གྲོགས་ཤིག་གིས་ཐེར་འདོན་བྱས་དོན་འབྱོར་བ་ལས། འཕྲིན་ཕྲན་གྱི་གྲོགས་འཁོར་དུ་བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་མི་ཡོངས་གྲགས་སུ་གདན་འདྲེན་ཞུ་བ་ཞེས་པའི་ཆ་འཕྲིན་ཞིག་འབྱོར་ཞིང་། ཆ་འཕྲིན་འདིའི་ནང་དུ་གདན་ཞུའི་མི་གྲངས་དང་། གདན་ཞུའི་ཆ་རྐྱེན། གདན་ཞུའི་གོ་རིམ་སོགས་གསལ་བཤད་ཞིབ་ཕྲ་བཀོད་འདུག་ཅེས་བཤད། 
         ཐེར་འདོན་འདི་འབྱོར་རྗེས། བོད་ལྗོངས་དྲ་རྒྱའི་ཐེར་འདོན་ལྟེ་གནས་ཀྱིས་འཕྲལ་མར་བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་(གཤམ་ནས་བསྡུས་ཏེ“བོད་ལྗོངས་དངུལ་ཁང”ཞེས་འབྲི་རྒྱུ་)འབྲེལ་ཡོད་འགན་འཁུར་མི་སྣར་གནས་ཚུལ་བདེན་མིན་ཞིབ་བསྡུར་བྱས་མཐར་ལས་མི་གདན་འདྲེན་ཞུ་བ་ཞེས་པའི་ཆ་འཕྲིན་དེ་ནི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་བ་རེད། 
         བོད་ལྗོངས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་མིག་སྔའི་བར་དུ་བོད་ལྗོངས་དངུལ་ཁང་གིས་འདི་ལོར་ལས་མི་གདན་ཞུ་ཐེངས་1མ་གཏོགས་བྱེད་མྱོང་མེད་པ་མ་ཟད། ལས་མི་གདན་འདྲེན་ཞུ་བའི་ཆ་འཕྲིན་ཡང་སྤྱིར་བཏང་དུ་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆ་འཕྲིན་གཞུང་ཕྱོགས་དྲ་ཚིགས་དང་《བོད་ལྗོངས་ཚོང་དོན་ཚགས་པར་》སོགས་སུ་བཀོད་པ་ལས་འཕྲིན་ཕྲན་གྱི་གྲོགས་འཁོར་སོགས་སུ་སྤེལ་མྱོང་མེད་ཅེས་བཤད་པ་དང་དུས་མཚུངས་སུ་འགན་འཁུར་མི་སྣ་དེས་ད་དུང་ལས་མི་གདན་འདྲེན་ཞུ་བ་ཞེས་པའི་ཆ་འཕྲིན་རྫུན་མ་འདི་རིགས་ནི་མགོ་སྐོར་གཡོ་འཕྲུལ་གྱི་དོགས་གཞི་ཡོད་པ་དང་བོད་ལྗོངས་དངུལ་ཁང་གི་མཚན་སྙན་ལ་གནོད་པ་བཏང་ཡོད་པས་བོད་ལྗོངས་དངུལ་ཁང་གིས་ཁྲིམས་ལྟར་ཕ་རོལ་གྱི་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་བྱ་རྒྱུའི་དབང་ཆ་སོར་ཉར་་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཐེར་འདོན་ལྟེ་གནས་ཀྱིས་སེམས་བཟང་དྲན་སྐུལ་བྱས་དོན། དྲ་རྒྱའི་བར་སྟོང་འདི་ཡང་ཁྲིམས་ལུགས་ཁྱི་ཕྱི་རོལ་ན་ཡོད་པ་ཞིག་མིན་པས། དྲ་ཐོག་གཏམ་འཆལ་བཤད་པ་དང་དཀྲོག་གཏམ་བརྒྱུད་བཤད་བྱས་ནས་སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་བྱ་ངེས་རེད། གལ་སྲིད་ཁྱེད་ཀྱིས་དྲ་ཐོག་གཏམ་འཆལ་བཤད་པ་དང་དཀྲོག་གཏམ་བརྒྱུད་བཤད་བྱེད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ངེད་དྲ་རྒྱའི་ཐེར་འདོན་ལྟེ་གནས་སུ་ཐེར་འདོན་གནང་རོགས་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།