འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།>>སི་ཁྲོན།

    ༄༅།།སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི"9.23"ས་ཡོམ་གེགས་ཁུལ་གྱི་གནོད་ཐེབས་མང་ཚོགས་
    4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི'9.23'ས་ཡོམ་གེགས་ཁུལ་གྱི་གནོད་ཐེབས་མང་ཚོགས་
4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་རྒྱུ་ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་4ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་གི"9.23"ས་ཡོམ་གེགས་ཁུལ་གྱི་གནོད་ཐེབས་མང་ཚོགས་བདེ་འཁོད་བཀོད་སྒྲིག་འོས་འཚམ་བྱས་ཡོད་ཅིང་། མྱུར་སྐྱོབ་དངོས་ཟོག་རྣམས་ཀྱང་ཚང་མ་མཁོ་མཁན་རྣམས་ལ་སྐྱེལ་སྤྲོད་བྱས་ཡོད་པས། གནོད་ཐེབས་མང་ཚོགས་4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་རྒྱུ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། དཀར་མཛེས་ཁུལ་ལི་ཐང་རྫོང་དུ"9.23"ས་ཡོམ་བྱུང་རྗེས། ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ཁུལ། རྫོང་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་གནང་སྟེ་འཕྲལ་མར་ཡོམ་འགོག་གེགས་སྐྱོབ་ལས་དོན་དང་གནོད་ཐེབས་མང་ཚོགས་ལ་བདེ་འདྲིའི་ལས་དོན་སྤེལ་བ་རེད། གེགས་རྗེས་བསྐྱར་སྐྲུན་ལས་དོན་ཇུས་འགོད་དམ་འཛིན་བྱ་ཆེད། ལི་ཐང་རྫོང་གིས་གེགས་རྗེས་བསྐྱར་སྐྲུན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་མགྱོགས་མྱུར་ངང་སྡོད་ཁང་ཉམས་གསོ་བརྟན་གཏོང་དང་རྡིབ་ལོག་སྡོད་ཁང་བསྐྱར་སྐྲུན་གྱི་ལས་དོན་སྒྲུབ་འགོ་བཙུགས་པ་རེད། བོད་རིགས་གནོད་ཐེབས་དུད་ཁྱིམ་700ལྷག་གི་སྡོད་ཁང་ཉམས་གསོ་བརྟན་གཏོང་གི་ལས་ཀ་ཟླ་10ཚེས་31ཉིན་གྱི་སྔོན་ལ་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། དུད་ཁྱིམ་7གྱི་སྡོད་ཁང་རྡིབ་ལོག་ཏུ་སོང་བ་དང་དུད་ཁྱིམ་20ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ་བསྐྱར་སྐྲུན་བྱ་རྒྱུ་ཡང་ཟླ་འདིའི་ནང་བསྐྱར་སྐྲུན་ཇུས་གཞི་བཀོད་དེ་རིམ་པ་བཞིན་གོང་རིམ་ལ་སྙན་འབུལ་ཆོག་མཆན་ཐོབ་རྗེས། 2017ལོའི་ཟླ་4པར་ལས་འགོ་འཛུགས་རྒྱུའི་འཆར་གཞི་བཀོད་པ་རེད།
             རྒྱལ་ཁབ་དང་། ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱི་རྒྱབ་སྐྱོར་འོག དཀར་མཛེས་ཁུལ་དང་ལི་ཐང་རྫོང་གིས་གུར་དང་། སྲིང་བལ་ཉལ་ཆས། དགུན་གོས། བཟའ་སྣུམ་སོགས་དངོས་རྫས་གསོག་འཇོག་བྱེད་པ་དང་། གནོད་ཐེབས་མང་ཚོགས་བར་བརྒལ་བཀོད་སྒྲིག་བྱ་རྒྱུའི་མ་དངུལ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་རེད། མིག་སྔར་ས་གནས་དེ་གས་ནུས་ཤུགས་ཡོད་རྒུས་དམངས་ཚོགས་སྒྲིག་འཛུགས་བྱས་ཏེ་གནོད་འགོག་རང་སྐྱོབ་དང་། གནོད་ཐེབས་མང་ཚོགས་ལ་རྒྱུ་ནོར་གནས་སྤོར་བྱེད་རོགས་བྱས་ནས་གནོད་སྐྱོན་ཐེབས་ཚད་དམའ་ཤོས་སུ་གཏོང་ཐབས་བྱས་ཏེ་གནོད་ཐེབས་མང་ཚོགས་4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་བར་བྱེད་བཞིན་ཡོད་པ་རེད།
             ལི་ཐང་རྫོང་གིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། "9.23"ས་ཡོམ་ལས་ས་གནས་དེ་གར་ཁྱོན་བསྡོམས་དུད་ཁྱིམ་7གྱི་སྡོད་ཁང་རྡིབ་ལོག་བྱུང་བ་དང་། དུད་ཁྱིམ་20ཡི་སྡོད་ཁང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ། དུད་ཁྱིམ་740ཡི་སྡོད་ཁང་ལ་གནོད་སྐྱོན་ཆུང་བ་ཐེབས་པ། གནོད་ཐེབས་མང་ཚོགས་4294ཟིན་པ། གྲོང་ཚོར་བགྲོད་པའི་ཟམ་པ་3ལ་བརླག་སྐྱོན་ཐེབས་པ། སྟབས་བདེའི་ཟམ་པ་20བརླག་པ། གྲོང་ཚོར་བགྲོད་པའི་འགྲུལ་ལམ་སྤྱི་ལེ་20ཡི་ལམ་ངོས་ལ་གཏོར་སྐྱོན་ཐེབས་པ།  ཨར་འདམ་གྱི་ལམ་སྤྱི་ལེ་4.4ལ་གཏོར་སྐྱོན་ཐེབས་པ། ཕྱུགས་ར་76ལ་གནོད་སྐྱོན་ཐེབས་པ། ཆུ་བེད་ལས་གྲྭ་8ལ་གནོད་སྐྱོན་ཐེབས་པ། གློག་འདོན་གློག་ལམ་གྱི་གློག་སྡོང་དང་གློག་སྐུད་སྤྱི་ལེ་2ལ་གནོད་སྐྱོན་ཐེབས་པ། འཕྲིན་གཏོང་གློག་སྡོང་གློག་སྐུད་སྤྱི་ལེ་1.6ལ་གནོད་སྐྱོན་ཐེབས་པ་སོགས་ཐད་ཀའི་དཔལ་འབྱོར་གྱོང་གུན་ཁྱོན་བསྡོམས་སྒོར་ཁྲི་5160ཟིན་པ་དང་། ས་ཡོམ་ལས་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་རེད།
               མིག་སྔར་ལི་ཐང་རྫོང་གིས་ས་ཡོམ་གེགས་ཁུལ་དུ་གེགས་སེལ་གུར་28དང་། སྲིང་བལ་ཉལ་ཆས་130 འབྲུ་རིགས་སྤྱི་རྒྱ་1000ལྷག བཟའ་སྣུམ་སྤྱི་རྒྱ་130བཅས་གཤམ་སྤྲོད་བྱས་པ་དང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་4200ཚང་མ་བཀོད་སྒྲིག་འོས་འཚམ་བྱས་ཡོད་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི'9.23'ས་ཡོམ་གེགས་ཁུལ་གྱི་གནོད་ཐེབས་མང་ཚོགས་
4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་རྒྱུ་ཡིན་པ།
    ༄༅།།སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་གི'9.23'ས་ཡོམ་གེགས་ཁུལ་གྱི་གནོད་ཐེབས་མང་ཚོགས་
4200དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྒྲོལ་རྒྱུ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།