འཚོལ་བཤེར།   
藏文频道
2016ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རབ་འབྱམས་པ་ཞིབ་འཇུག་སློབ་མའི་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་ཟླ་10ཚེས་
    10ཉིན་དངོས་སུ་འགོད་འགོ་རྩོམ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་08ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2017ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པ་ཞིབ་འཇུག་སློབ་མའི་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་ཟླ་10ཚེས་10ཉིན་ནས་བཟུང་དངོས་སུ་འགོད་འགོ་རྩོམ་རྒྱུ་ཡིན་ཞིང་། རྒྱུགས་ལེན་ཐོག་མ་བྱ་རྒྱུའི་དུས་ཚོད་ནི་ཟླ་12ཚེས་24ཉིན་ནས་ཚེས་25ཉིན་བར་རེད།
         ཉེ་ཆར་སློབ་གསོ་པུས་《2017ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པ་ཞིབ་འཇུག་སློབ་མ་བསྡུ་རྒྱུའི་ལས་དོན་དོ་དམ་གཏེན་འབེབས་》པར་འགྲེམས་བྱས་ཤིང་། 2017ལོའི་ཞིབ་འཇུག་སློབ་མའི་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་10ཚེས་10ཉིན་ནས་ཟླ་10ཚེས་31ཉིན་བར་གྱི་ཉིན་རེའི་ཆུ་ཚོད་9ཐོག་ནས་ཆུ་ཚོད་22བར་དུ་ཡིན་པ་གཏན་འབེབས་བྱས་ཡོད་པ་དང་། དུས་བཀག་ལས་བརྒལ་ཚེ་མིང་ཐོ་གསབ་འགོད་མི་བྱེད་ལ། མིང་ཐོ་བཀོད་པའི་ཆ་འཕྲིན་རྣམས་བཟོ་བཅོས་ཀྱང་བྱ་མི་རུང་བ་རེད། རྒྱུགས་ལེན་ཐོག་མ་ནི་ཟླ་12ཚེས་24ཉིན་ནས་ཚེས་25ཉིན་བར་དུ་བྱ་རྒྱུ་ཡིན་ཞིང་། དུས་ཚོད་ཆུ་ཚོད་3ལས་བརྒལ་བའི་སློབ་ཚན་གྱི་རྒྱུགས་ལེན་ཟླ་12ཚེས་26ཉིན་བྱ་རྒྱུ་རེད།
         སྔོན་ཆད་དང་མི་འདྲ་བ་ནི། ལས་ཐོག་མི་སྣས་རབ་འབྱམས་པ་ཆེད་སྦྱོང་ཡོན་གནས་ལེན་རྒྱུའི་སློབ་བསྡུའི་ལས་དོན་དེ་རྒྱལ་ཡོངས་ཀྱི་རྒྱུགས་མཉམ་ལེན་མི་བྱེད་པར་ཉིན་གང་ལམ་ལུགས་མིན་པའི་ཞིབ་འཇུག་སློབ་མའི་སློབ་གསོ་བྱེད་སྟངས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སློབ་བསྡུའི་འཆར་གཞི་དང་རྒྱལ་ཡོངས་ཀྱི་རབ་འབྱམས་པ་ཞིབ་འཇུག་སློབ་མ་གཅིག་གྱུར་གྱིས་སློབ་ཞུགས་རྒྱུགས་ལེན་བྱེད་ཁོངས་སུ་བཅུག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།