འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བྱང་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་བདུན་པ་བཀྲ་ཤིས་བདེ་ལེགས་ངང་ཧྲང་
    ཧའེ་རུ་ཕྱིར་ལོག་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོའི་བྱང་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་བདུན་པ་བཀྲ་ཤིས་བདེ་ལེགས་ངང་ཧྲང་
ཧའེ་རུ་ཕྱིར་ལོག་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བྱང་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་བདུན་པས་ཉིན་78རིང་གི་རྟོག་ཞིབ་ལས་འགན་ལེགས་གྲུབ་ཟིན་ནས་ཚེས་26ཉིན“གངས་འབྲུག”རྟགས་ཅན་གྲུ་གཟིངས་ལ་བསྡད་དེ་ཧྲང་ཧའེ་རུ་གནས་པའི་ཀྲུང་གོའི་གླིང་སྣེའི་ས་ཁུལ་གྱི་རྟོག་ཞིབ་རྒྱལ་ནང་རྟེན་གཞིའི་གྲུ་ཁར་བདེ་བླག་ངང་ཕྱིར་ལོག་པ་རེད།
         ད་ཐེངས་ཀྱི་རྟོག་ཞིབ་དེ་ཟླ་7ཚེས་11ཉིན་འགོ་ཚུགས་པ་དང་ཟླ་9ཚེས་26ཉིན་མཇུག་འགྲིལ་ཞིང་། ཆུ་འགྲུལ་ལམ་ཐག་བསྡོམས་འབོར་མཚོ་ལེ་13000ཙམ་ཟིན་པ་དང་ཆེས་བྱང་ངོས་ཀྱི་བྱང་གི་འཕྲེད་ཐིག་ཏུའུ་82ཀྱི་སྐར་མ་53དུ་འབྱོར་ཡོད། རྟོག་ཞིབ་ཁྱབ་ཁོངས་ནང་པའེ་ལིན་རྒྱ་མཚོ་དང་། པའེ་ལིན་མཚོ་འགག ཁྲུའུ་ཁོ་ཆི་རྒྱ་མཚོ། ཁྲུའུ་ཁོ་ཆི་མཚོ་སྟེགས། ཁ་ན་ཏའི་མཚོ་གཞོང་སོགས་རང་རྒྱལ་གྱི་སྲོལ་རྒྱུན་རྟོག་ཞིབ་ས་ཁོངས་དང་དེ་བཞིན་ཨུ་རུ་སུའི་བྱང་རྒྱུད་ཀྱི་མོན་ཅེ་ལེ་ཕུའུ་མཚོ་རི་ཚུད་ཡོད་པ་རེད།
         ཟླ་9ཚེས་26ཉིན་རྒྱལ་ཁབ་རྒྱ་མཚོ་ཅུས་དང་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོའི་གླིང་སྣེའི་ས་ཁུལ་གྱི་རྟོག་ཞིབ་རྒྱལ་ནང་རྟེན་གཞིའི་གྲུ་ཁར་དགའ་བསུ་ཞུ་བའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།