འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་རིགས་གཅིག་མཁས་ཅན་གཞི་རིམ་དུ་བསྐྱོད་དེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་
    ཐབས་འདོན་ཇུས་འགོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁག་16པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཐིང་ཅུན་གྱིས་ཚེས་25ཉིན་ལྷ་ས་སྣེའུ་ཁུལ་གསར་དུ་བརྟག་ཞིབ་བྱེད་སྐབས“ལྷ་ས་སྣེའུ་ཁུལ་གསར་གྱིས་ངེས་པར་དུ་མེ་འཁོར་བབས་ཚུགས་དང་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་འགོ་འཛུགས་སའི་ས་བབ་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ཐོན་ཁུངས་གཅིག་སྡུད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ནས་ཚོང་དོན་དང་སྲིད་དོན་གཞི་གཅིག་ཅན་གྱི་བོད་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཐོན་ལས་སྦྲེལ་ཐག་གཏོད་དགོས”ཞེས་བཤད།
         ཉིན་དེར་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་ཁག་16པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྣེའུ་ཁུལ་གསར། ལྷ་ས་ཁྲེང་ཀོན་ཆུས་བཅས་སུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་འབྲེལ་སྲིད་གཞུང་སྡེ་ཚན་དང་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་བཞུགས་མོལ་བྱས་ཏེ་ཤེས་ལྡན་མི་སྣ་ནང་འདྲེན་དང་། ཐོན་ལས་བཀོད་སྒྲིག བྱ་གཞག་གསར་གཏོད། གནད་སྨིན་དབུལ་སྐྱོར་སོགས་ཀྱི་གནད་དོན་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་དང་ཕྱོགས་སྒྱུར་ཐད་གནད་དོན་བཙལ་འཚོལ་དང་ཐབས་འདོན་ཇུས་འགོད་བྱས་པ་རེད།
         “བདེན་པ་བདེན་ཐུབ་ཀྱི་ངོས་ནས་བརྗོད་ཚེ་ས་གནས་དེ་གའི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་གིས་ཤེས་ལྡན་མི་སྣ་རྩེ་གྲ་ཁག་གཅིག་བོད་དུ་ལས་ཞུགས་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཐུབ་ཀྱི་མེད”ཅེས་པ་སོགས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཁེ་ལས་སུ་ལྟ་སྐོར་བྱེད་སྐབས་འགན་འཁུར་བ་ཞིག་གིས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཁག་གཅིག་བཏོན་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མིག་སྔའི་གཏན་འབེབས་བཀོད་སྒྲིག་བྱེད་ཚུལ་སྐད་ཆ་དྲིས་ནས་དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་ཤེས་ལྡན་མི་སྣའི་རིགས་གཅིག་མཁས་ཅན་ནང་འདྲེན་བྱ་རྒྱུའི་ཇུས་གཞི་སྔར་བས་ཞིབ་ཚགས་སུ་གཏོང་རྒྱུ་ཡིན་ལུགས་བཤད་པ་རེད།
         ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས་ཀྱིས“བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་བསམ་འཆར་ཁ་གསལ་བ་དང་། ཞིབ་ཚགས་པ། གནད་ལ་འཁེལ་བ་བཅས་ཡོད་པས་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་ཐད་སྤྱོད་འཐུས་ཀྱི་གྲོས་འགོ་མང་པོ་བཏོན་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་རིགས་གཅིག་མཁས་ཅན་ཚང་མ་ནི་ལས་རིགས་ཁག་གི་ཤེས་ལྡན་མི་སྣ་རྩེ་གྲ་ཤ་སྟག་ཡིན་པས་ནང་སའི་ཕུལ་བྱུང་གི་ཉམས་མྱོང་ང་ཚོའི་གསར་སྤེལ་ཁུལ་དུ་བརྒྱུད་ཁྲིད་བྱས་པར་ང་ཚོ་བཞུགས་མོལ་ཚོགས་འདུར་ཞུགས་མཁན་བློ་མཐུན་ཚང་མར་ཕན་པ་ཆེན་པོ་བྱུང”ཞེས་བཤད།
         འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ལས་དོན་ནི་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་མ་གཏོང་བ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་ཐད་སྤྱད་པའི་གལ་ཆེའི་བྱེད་ཐབས་ཤིག་རེད། མིག་སྔའི་བར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་འབུམ་རམས་པའི་རིགས་གཅིག་མཁས་ཅན་རྩེ་གྲ་115བོད་དུ་ཞབས་འདེགས་ཞུ་བར་འབྱོར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།