འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྤུས་རྟགས་208“ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་ལྔ་བརྒྱའི”ནང་ཚུད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་28ཉིན། 08:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་སྤུས་རྟགས་ཚོད་སྐོར་ཁང་དང་འཛམ་གླིང་སྤྱི་གཉེར་བའི་ཚོགས་པས་མཉམ་དུ་བྲིས་པ་དང་ཁྱབ་བསྒྲགས་བྱས་པའི་2016ལོའི“ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་ལྔ་བརྒྱའི”གྲལ་སྒྲིག་དེ་ཟླ་9ཚེས་26ཉིན་ཤང་ཀང་ལ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོའི་སྤུས་རྟགས་208(དེའི་ནང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་ཚུད་པ)ཚུད་པའི་གྲལ་སྒྲིག་ནང་རི་པིན་གྱི་སུའོ་ཉི་དང་། ཕུང་ཐན། ཀྲུང་གོའི་རྒྱལ་ཁབ་གློག་དྲ་བཅས་མདུན་གྲལ་གསུམ་དུ་སླེབས་ཡོད། 《མི་དམངས་ཉིན་རེའི་ཚགས་པར་》དེ་གྲལ་རིམ་མདུན་གྲལ་དུ་སླེབས་ནས་ཨེ་ཤེ་ཡའི་ཚགས་པར་ཆེ་གྲས་བཅུའི་ཨང་དང་པོ་རག་ཡོད།
         ད་རེས་ཀྱི“ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་ལྔ་བརྒྱའི”ནང་རྒྱལ་ཁབ་དང་ས་ཁུལ་ཉི་ཤུའི་སྤུས་རྟགས་ཚུད་པ་དང་། དེའི་ནང་ཚུད་པའི་ཀྲུང་གོའི་(དེའི་ནང་ཤང་ཀང་དང་། ཨའོ་མོན། ཐའེ་དབན་ཚུད་པ)སྤུས་རྟགས་ཀྱིས་ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་བརྒྱ་ལྔའི་ནང་41.6%བཟུང་ནས་ཨང་དང་པོར་སླེབས་པ་དང་། ཀྲུང་གོའི་སྐམ་ས་ནས་ཚུད་པའི་སྤུས་རྟགས་139ཡོད་པ་དེ་དག་ན་ནིང་ལས་16མང་དུ་སོང་ཡོད། ཨང་གཉིས་པར་སླེབས་པའི་རི་པིན་གྱི་སྤུས་རྟགས་143ཡོད་པ་དེ་ན་ནིང་ལས་13ཉུང་དུ་ཕྱིན་པ་དང་ཧན་གོའི་སྤུས་རྟགས་50ཚུད་ནས་སྦང་སྒྲིག་ནང་ཨང་གསུམ་པར་སླེབས་ཡོད།
         ཡོངས་བསྒྲགས་ཚོགས་འདུའི་ནང་ཡེ་ལུའུ་སློབ་ཆེན་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་འབུམ་རམས་པ་ལེ་ཝུའེ་·ཏུའོ་འར་གྱིས། སྤུས་རྟགས་རྩེ་གྲ་རེ་རེས་ཡིད་ཆེས་དང་བློས་འགེལ་ཆོག་པ་མཚོན་པས། ཀྲུང་གོས་གོ་སྐབས་མི་འདོར་བར་རང་བརྟེན་གྱི་སྤུས་རྟགས་ཨེ་ཤེ་ཡ་ནས་ཕྱིར་ཁྱབ་པར་བྱེད་དགོས། དེས་མ་ཚད་《2016ལོའི་ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་ལྔ་བརྒྱར་དཔྱད་པའི་སྙན་ཐོའི་》ནང་། འདས་པའི་ལོ་བཅུའི་རིང་། ཀྲུང་གོའི་སྤུས་རྟགས་ལ་ཡར་རྒྱས་ཆེན་པོ་བྱུང་ནས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྤུས་རྟགས་མེད་པའི་བསམ་རྒྱ་དང་འཕེལ་རྒྱས་འགྲོ་འགོར་བའི་གནས་སྟངས་ལས་བསྒྲལ་བ་བསྟན་པས་མདུན་ལམ་ཡངས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་སྤུས་རྟགས་ཚོད་སྐོར་ཁང་ནི་གོ་ལའི་སྤུས་རྟགས་ལ་ཆེད་མངགས་ཚོད་སྐོར་བྱེད་པའི་སྒྲིག་གཞི་ཞིག་རེད། 2006ལོ་ནས་བཟུང་། ལོ་ལྟར“ཨེ་ཤེ་ཡའི་སྤུས་རྟགས་རྩེ་གྲ་ལྔ་བརྒྱ”ཁྱབ་བསྒྲགས་བྱེད་ཀྱི་ཡོད། ད་རེས་བྱེད་ཐེངས་བཅུ་གཅིག་པ་ཡིན་པ་དེས་ཨེ་ཤེ་ཡའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ལ་ཚོད་དཔོག་བྱས་ཡོད། དེ་ལྟར་ཚོད་སྡོམ་བྱེད་པའི་གཞི་རྩའི་ཚད་གཞི་ནི་ཁྲོམ་རར་ཁྱབ་ཚད་དང་། སྤུས་རྟགས་ལ་ཡིད་ཆེས་ཚད། ཨེ་ཤེ་ཡར་འགོ་ཁྲིད་ནུས་སོགས་ལ་ལྟ་བ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།