འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འཛུགས་སྐྲུན་དངུལ་ཁང་ལོན་ཏོན་མི་དམངས་ཤོག་སྒོར་ཞིབ་རྩིས་དངུལ་ཁང་གི་ཞིབ་རྩིས་
    བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་24ཉིན་གྱི་ཉིན་ཤས་གོང་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཧང་ཀྲང་ཝང་ཙུའུ་ཅིས་ལོན་ཏོན་དུ་2016ལོའི་ཟླ་8པའི་ཟླ་མཇུག་བར་དབྱིན་ཇིའི་མི་དམངས་ཤོག་སྒོར་ཞིབ་རྩིས་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་70ཙམ་གྱིས་མི་དམངས་ཤོག་སྒོར་གྱི་རྩིས་ཁྲ་བཙུགས་ཡོད་པ་དང་མི་དམངས་ཤོག་སྒོར་ཞིབ་རྩིས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་ཡོད་ཅེས་བཤད།
         ཝང་ཙུའུ་ཅིས་འཛུགས་སྐྲུན་དངུལ་ཁང་གིས་2014ལོའི་ཟླ་དྲུག་པ་ནས་དབྱིན་ཇིའི་མི་དམངས་ཤོག་སྒོར་གྱི་ཞིབ་རྩིས་དངུལ་ཁང་གི་འགན་འཁུར་བ་ནས་བཟུང་། ནུས་ཆེ་དང་བདེ་འཇགས་ཀྱི་ས་མཚམས་ལས་བརྒལ་བ་དང་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ཞིབ་རྩིས་མ་ལག་དང་དྲ་བར་བརྟེན་ནས་མི་དམངས་ཤོག་སྒོར་གྱི་དངུལ་ཁང་ནང་ཞུགས་མཁན་དང་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་གྱི་ཁྲོམ་རར་གཞུང་དྲང་དང་། དུས་ཐོག གནད་འཁེལ། ཆེད་ལས་བཅས་ཀྱི་མི་དམངས་ཤོག་སྒོར་གྱི་ཞིབ་རྩིས་དང་མཇུག་བསྡོམས་རྩིས་རྒྱག་གི་ཞབས་ཞུ་མཁོ་འདོན་བྱས་པ་དང་ཞིབ་རྩིས་བྱེད་ཚད་མགྱོགས་པ་དང་ཞབས་ཞུའི་ཁ་ཕྱོགས་ཉིན་རེ་བཞིན་མང་དུ་འགྲོ་བས་ཨེ་ཤེ་ཡ་ས་ཁུལ་ཕུད་པའི་གཞི་ཁྱོན་ཆེ་ཤོས་ཀྱི་ཞིབ་རྩིས་ལས་རིགས་ཤིག་ཏུ་འགྱུར་བ་མ་ཟད། ལོན་ཏོན་གོ་ལ་ཧྲིལ་པོའི་རྒྱལ་སྒྲོལ་མི་དམངས་ཤོག་སྒོར་ཞིབ་རྩིས་ལྟེ་གནས་ཆེ་གྲས་གཉིས་པར་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།