འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་རིགས་མང་པོ་ཞིག་གིས་ཀུང་ཀུའུ་མཚོ་འགག་
    ཐོག་འཕུར་ནས་ཐག་རིང་མཚོ་ཐོག་གི་དངོས་འཐབ་ནུས་པར་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་ཀྲུང་གོའི་མཁའ་དམག་གིས་རིགས་མི་འདྲ་བའི་འཐབ་འཛིང་གནམ་གྲུ་40ལྷག་ཙམ་བཏང་སྟེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོར་ཐག་རིང་མཚོ་ཐོག་སྦྱོང་བརྡར་བྱས་པ་དང་། འཐབ་འཛིང་གནམ་གྲུ་མང་པོ་ཞིག་གིས་གོ་རིམ་ལྡན་པའི་ངང་ཀུང་ཀུའུ་མཚོ་འགག་ཐོག་འཕུར་སྐྱོད་བྱས་ནས་ཐག་རིང་མཚོ་ཐོག་གི་དངོས་འཐབ་ནུས་པར་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་མདེལ་དབྱུག་གནམ་གྲུ་དང་རྒོལ་གཏོར་གནམ་གྲུ་བཏང་ནས་ཤར་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་དུ་འཆར་ཅན་གྱི་ཉེན་ཟོན་སྐོར་གཡེང་བྱས་པ་རེད། ཀྲུང་གོའི་མཁའ་དམག་གི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཧྲེན་ཅིན་ཁོའོ་ཡིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོར་ཐག་རིང་མཚོ་ཐོག་སྦྱོང་བརྡར་དང་ལྷོ་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་དུ་ཉེན་ཟོན་སྐོར་གཡེང་བྱེད་པ་དེ་ནི་ཀྲུང་གོའི་མཁའ་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་། ཞི་བདེ་འཕེལ་རྒྱས་འགན་ལེན་བཅས་བྱེད་པའི་དགོས་མཁོ་ཡིན་ཞེས་བཤད་པ་རེད།
         ཧྲེན་ཅིན་ཁོའོ་ཡིས་ད་ཐེངས་ཀྱི་ཐག་རིང་མཚོ་ཐོག་སྦྱོང་བརྡར་ཁྲོད་མཁའ་དམག་གི་མདེལ་དབྱུག་གནམ་གྲུ—6Kདང་། སུའུ—30 སྣུམ་སྣོན་གནམ་གྲུ་སོགས་འཐབ་འཛིང་གནམ་གྲུ་མང་པོ་ཞིག་གོ་རིམ་ལྡན་པའི་ངང་ཀུང་ཀུའུ་མཚོ་འགག་ཐོག་འཕུར་སྐྱོད་བྱས་པ་རེད། དེ་ཉིན་རིགས་མི་འདྲ་བའི་འཐབ་འཛིང་གནམ་གྲུ་40ལྷག་ཙམ་གྱིས་བཀོད་འདོམས་གནམ་ཐང་ནས་མགྱོགས་མྱུར་འཕུར་སྐྱོད་གྲ་སྒྲིག་བྱས་ཏེ་ནུབ་ཞི་བདེ་རྒྱ་མཚོ་ཆེ་མོར་སྦྱོང་བརྡར་བྱེད་པར་ཐོན་ནས་མྱུལ་ཞིབ་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། མཚོ་ཐོག་འཕྲལ་རྒོལ། མཁའ་ཐོག་སྣུམ་བླུགས་སོགས་ཀྱི་སྦྱོང་བརྡར་བྱས་ནས་མཁའ་དམག་དཔུང་སྡེའི་ཐག་རིང་མཚོ་ཐོག་གི་དངོས་འཐབ་ནུས་པར་ཞིབ་བཤེར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཀྲུང་གོས་དབྱེ་འབྱེད་གཏན་འཁེལ་བྱས་པའི་ཤར་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་དུ་ཉེ་བའི་ལོ་གསུམ་རིང་མཁའ་དམག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་གྱི་མཁའ་འགྲུལ་ཡོ་བྱད་དབྱེ་འབྱེད་སྒྲིག་སྲོལ་སྤྱི་བསྒྲགས་》ལ་གཞིགས་ཏེ་སྔ་ཕྱི་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་མཁའ་ཐོག་ཉེན་ཟོན་སྐོར་གཡེང་བྱེད་ཀྱི་ཡོད། མཁའ་ཟོན་དབྱེ་འབྱེད་ཁུལ་ནང་འཕུར་བའི་ཕྱི་རྒྱལ་གྱི་དམག་དོན་གནམ་གྲུར་ལྟ་ཞིབ་དང་དབྱེ་འབྱེད་བྱེད་པ་དང་མཁའ་ཐོག་ཉེན་ཁ་མི་འདྲ་བར་གཞིགས་ནས་སྟབས་བསྟུན་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་མཁའ་ཟོན་བདེ་འཇགས་ཡོང་རྒྱུར་སྲུང་སྐྱོང་བྱེད་ཀྱི་ཡོད། མཁའ་དམག་གིས་མུ་མཐུད་ལྷོད་གཡེང་སྤུ་ཙམ་མི་གཏོང་བའི་ངང་ཤར་རྒྱ་མཚོའི་མཁའ་ཟོན་དབྱེ་འབྱེད་ཁུལ་གྱི་མཁའ་ཐོག་ཉེན་ཟོན་ཐད་སྐོར་གཡེང་བྱས་ནས་ཀྲུང་གོའི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་རེད།
         ཧྲེན་ཅིན་ཁོའོ་ཡིས་མཁའ་དམག་གི་འཐབ་ཇུས་ཕྱོགས་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་སྔར་བཞིན་རྒྱལ་ཁ་ལེན་ཐུབ་པའི་དམིགས་ཚད་ལ་གཞིགས་ཏེ་དམག་སྦྱོང་དང་དམག་གྲ་སྒྲིག་པ་དང་། ལས་འགན་དང་གཡུལ་སར་དམ་པོར་དམིགས་ནས་དངོས་འཐབ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་མཁའ་ཐོག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།