འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།>>ཡུན་ནན།

    ༄༅།།རྡོ་མཁར་གནའ་གྲོང་དུ་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་13ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྡོ་མཁར་གནའ་གྲོང་དུ་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་བ།
         སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྡོ་མཁར་གནའ་གྲོང་བསྐྱར་གསོ་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཡོངས་ལེགས་འགྲུབ་བྱས་པ་དང་། དུས་སྐབས་གཉིས་པའི་མཐོར་འདེགས་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱས་ཚད་90%ཟིན་པ་རེད། ད་ལོའི་ཟླ་བ་1པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་སྒོ་ཕྱེ་བ་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁག་གཅིག་རྗེས་གཅིག་མཐུད་དེ་འདིར་ཡུལ་སྐོར་སྤྲོ་གསེང་གཏོང་བར་ཡོང་ནས་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཐུན་མིན་ལྡན་པའི་གནའ་གྲོང་གི་ཡིད་འོང་འཕྲོག་ཤུགས་མྱོང་ཚོར་བྱེད་བཞིན་ཡོད་པ་རེད། ཟླ་བ་8པའི་ཟླ་མཇུག་བར་དུ་རྡོ་མཁར་གནའ་གྲོང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་700ལས་བརྒལ་བ་སྣེ་ལེན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།