འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་ནས་
    བོད་ཀྱི་ལས་ཞུགས་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ལ་བཏང་བའི་སྤོ་སྒྱུར་གཏོང་སྤྲོད་རྣམ་པའི་ལས་ཞུགས་ཀྱི་ཆེད་དོན་ཁ་གསབ་རོགས་དངུལ་སྤྲོད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་4.39ཟིན་པ་དང་། བོད་ལ་སྲིད་གཞུང་གི་ཁ་གསབ་རྣམ་པའི་ལས་རིགས་གསོ་སྦྱོང་མི་ཐེངས་ཁྲི་40.28བྱ་རྒྱུའི་ཁྲིད་སྟོན་བྱས་པ། ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རིམ་རྩིས་བརྒྱབ་ན་བོད་ལ་ཁེ་ལས་དང་བྱ་གཞག་ཚན་པའི་ལས་གནས་སྣ་ཚོགས་ཁྲི་2.6མཁོ་འདོན་བཅས་བྱས་པས་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་18.2གསར་དུ་ལས་ཞུགས་ཐུབ་ནས་ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་ཐོན་རིམ་བཞིན་མེད་པར་བཟོ་རྒྱུ་མངོན་འགྱུར་བྱུང་སྟེ་ལས་ཞུགས་གནས་ཚུལ་རྒྱུན་མཐུད་བརྟན་པོ་ཡོད་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁག་ལ་ཁྱོན་སྒོར་དུང་ཕྱུར་30.18ཁ་གསབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་དམིགས་བསལ་ཕོགས་སྣོན་ཐེངས་གསུམ་སྤར་བར་བརྟེན་ལས་བྱེད་ལས་བཟོའི་གླ་ཕོགས་ཆུ་ཚད་ཅུང་མཐོ་རུ་ཕྱིན་ཡོད། གཞི་རྩའི་སྤྱི་པའི་ཞབས་ཞུ་འཛུགས་སྐྲུན་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.6བཀོད་སྒྲིག་བྱས་ནས་བོད་ཀྱི་གཞི་རིམ་གྱི་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།