འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“ལག་ཁྱེར་གསུམ་སྒྲིལ”བཟོས་པས་ཁྲལ་འཇལ་བ་ཡར་རྒྱུག་མར་རྒྱུག་བྱེད་དགོས་མེད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྲལ་དོན་སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་འཕེལ་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར་ཁྲལ་དོན་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་87གྱི་གསལ་ཐོ་ཚང་མ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཁྲལ་དོན་སྲིད་འཛིན་ཞིབ་མཆན་འགོད་པའི་དཀར་ཆག་ཅན་གྱི་དོ་དམ་ལག་ལེན་བསྟར་བ་དང་། སྲིད་འཛིན་ཆོག་འཐུས་མིན་པ་རྦད་དེ་གཙང་སེལ་བྱས་པ། གཤམ་སྤྲོད་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་མེད་པ་བཟོས་པ་བཅས་བྱས་ནས་ཁྲལ་དོན་སྲིད་འཛིན་ཆོག་འཐུས་ཞིབ་མཆན་འགོད་པའི་དོན་ཚན་7སོར་བཞག་བྱས་པ་ཕུད། སྲིད་འཛིན་ཆོག་འཐུས་མིན་པའི་ཞིབ་མཆན་འགོད་པའི་དོན་ཚན་80ཚང་མ་རྦད་དེ་གཙང་སེལ་བྱས་པ་དེའི་ནང་དོན་ཚན་57མེད་པ་བཟོས་པ་དང་དོན་ཚན་23དབང་ཆ་གཞན་དག་གི་དོན་ཚན་ལ་ལེགས་སྒྲིག་བྱས་པ་རེད།
         ཁྲལ་འཇལ་བས་བསམ་འཆར་འདོན་མང་བའི་གནད་དོན་ལ་དམིགས་ནས་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས“འགན་འཁྲིའི་གསལ་ཐོ”བཏོན་པ་དང་། ཐོག་མའི་འགན་འཁྲི་རྩད་གཅོད་ལམ་ལུགས་ལག་ལེན་བསྟར་བ། ཞིབ་མཆན་འགོད་པའི་དབང་ཚད་ཀྱི་ལས་གནས་འགན་འཁྲིའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲལ་འཇལ་བའི་ཁྲལ་སྒྲུབ་ཞིབ་མཆན་འགོད་པར་འགོག་རྐྱེན་མེད་པ་བཟོ་དགོས་པའི་འགན་ལེན་བྱས་ཡོད། 
         སྲིད་འཛིན་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་བྱས་རྗེས། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྲལ་དོན་ཐོ་འགོད་ཀྱི་ཞིབ་མཆན་སྤྲོད་པ་དང་། ཐག་རིང་ལུང་ཁུག་ས་ཁུལ་གྱི་བསྡུ་ཡུན་ངོས་འཛིན་ཁུ་བསྡུ་བྱེད་པ། ཕྱིར་གཏོང་གི་ཁྲལ་(ཆག་ཡང)སློག་འོས་ཐོབ་ངོས་འཛིན་བྱེད་པ་སོགས་སྲིད་འཛིན་ཆོག་འཐུས་མིན་པའི་ཞིབ་མཆན་འགོད་པའི་དོན་ཚན་སོར་འཇོག་མི་བྱེད་པར་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཁྲལ་འཇལ་བདེ་རུ་བཏང་ཡོད། 2016ལོའི་ལོ་སྟོད་དུ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་སུ་ཕྱིར་གཏོང་གི་ཁྲལ་(ཆག་ཡང)སློག་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བའི་པར་དབང་1.1ཁྱབ་གདལ་བཏང་ནས་ཞིབ་མཆན་འགོད་པའི་དབང་ཚད་སྔར་བས་གཤམ་སྤྲོད་བྱས་ཏེ་གནས་ཚུལ་ཅུང་རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་ཕུད། དོ་དམ་དཀའ་གནད་ཆུང་བ་དང་ཁྲལ་བསྡུ་དང་ཁྲལ་སློག་འབྲེལ་མཐུད་བྱེད་སླ་བའི་ཐོན་སྐྱེད་ཁེ་ལས་ཀྱི་ཁྲལ་སློག་ཚང་མ་ཁེ་ལས་གནས་སའི་རྫོང་(ཆུས)རྒྱལ་ཁྲལ་ཅུས་སུ་ཞིབ་བཤེར་ཆོག་མཆན་སྤྲོད་དུ་བཅུག་ནས་གྲོང་ཁྱེར་དང་རྫོང་གི་ཅུས་རིམ་གཉིས་ཀྱི་ཞིབ་མཆན་འགོད་མཚམས་བཞག་ཡོད། ཁྲལ་འཇལ་ཡིད་རྟོན་ལེགས་པའི་ཁེ་ལས་ལ་སྔོན་ལ་ཁྲལ་སློག་བྱས་ནས་རྗེས་སུ་ཞིབ་མཆན་བཀོད་དེ་སྟབས་བདེ་ཡོང་གང་ཐུབ་བྱས་པས། ཁྲལ་སློག་ཞིབ་མཆན་འགོད་བདེ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།