འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་ཨོ་རྩལ་ཨུ་ལྷན་གྱིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་གཟེངས་རྟགས་41ལེན་མཁན་
    ལུས་རྩལ་པ་ཚོར་བྱ་དགའི་དངུལ་ཁྲི་སྟོང་སྤྲོད་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་ཐུན་མོང་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན་གསར་ལྟར་ན། རི་པིན་གྱི་ཨོ་རྩལ་ལྷན་ལྷན་གྱིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་སུ་གཟེངས་རྟགས་ཐོབ་པའི་རི་པིན་གྱི་བདམས་ཐོན་ལུས་རྩལ་པ་ཚོར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན་ཞིང་། ཚད་གཞི་ནི་གསེར་གྱི་གཟེངས་རྟགས་ལེན་མཁན་རེ་ལ་རི་སྒོར་ཁྲི་500(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་33དང་མཚུངས་)སྤྲོད་རྒྱུ་དང་། དངུལ་གྱི་གཟེངས་རྟགས་ལེན་མཁན་རེ་ལ་རི་སྒོར་ཁྲི་200(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་13དང་མཚུངས་)སྤྲོད་རྒྱུ། ཟངས་ཀྱི་གཟེངས་རྟགས་ལེན་མཁན་རེ་ལ་རི་སྒོར་ཁྲི་100(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་7དང་མཚུངས་)སྤྲོད་རྒྱུ་བཅས་རེད།  
         གནས་འཕྲིན་སྤེལ་བ་ལྟར་ན། ཐེངས་འདིར་རི་པིན་གྱི་འཐུས་ཚབ་ཚོགས་པས་བསྡོམས་པས་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་41བླངས་པ་དང་། ཚད་གཞི་ལྟར་ན། བྱ་དགའི་དངུལ་ཁྱོན་བསྡོམས་རི་སྒོར་དུང་ཕྱུར་1.46(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་965དང་མཚུངས་)རེད། དེའི་ཁྲོད་དུ་ཚོགས་པའི་འགྲན་བསྡུར་དང་། མཐུད་འགྲན། ཆ་འགྲན་རྣམ་གྲངས་སོགས་མི་མང་ཞུགས་པའི་འགྲན་བསྡུར་ནང་གཟེངས་རྟགས་བླངས་པའི་བདམས་ཐོན་ལུས་རྩལ་པ་རེ་རེར་བྱ་དགའི་དངུལ་གྲངས་ཚང་སྤྲོད་རྒྱུ་ཡིན་ཞིང་། གལ་སྲིད་མི་གཅིག་གིས་གཟེངས་རྟགས་ཁ་ཤས་བླངས་ཡོད་ཚེ་བྱ་དགའི་དངུལ་བསྡོམས་རྩིས་བྱས་ནས་སྤྲོད་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།