འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ཅན་ལྗོངས་སུ་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་སྒྲོག་པ།——“ནན་ཁའེ་དཔེ་ཁང་”
    ཐོག་མ་བོད་ལྗོངས་སུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    འདི་ནི་སློབ་གྲྭ་དེའི་སློབ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་སློབ་ཕྲུག་བསོད་ནམས་ཆོས་སྐྱིད་དང་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་གནའ་རྩོམ་སྙན་ངག་ཀློག་བཞིན་ཡོད་པ་རེད།
    འདི་ནི་སློབ་གྲྭ་དེའི་སློབ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་སློབ་ཕྲུག་བསོད་ནམས་ཆོས་སྐྱིད་དང་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་གནའ་རྩོམ་སྙན་ངག་ཀློག་བཞིན་ཡོད་པ་རེད།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན་བོད་ལྗོངས་སུ་བཙུགས་པའི་“ནན་ཁའེ་དཔེ་ཁང་”ཐོག་མ་སྟག་རྩེར་རྫོང་ལྟེ་གནས་སློབ་ཆུང་དུ་སྒོ་བྱང་བཀལ་བ། ནན་ཁའེ་སློབ་ཆེན་ཧྲེན་ཀྲེན་སློབ་གྲོགས་ཚོགས་པས་དཔེ་ཁང་ལ་དཔེ་དེབ་4000ལ་ཉེ་བ་གནང་ཞིང་། དཔེ་དེབ་དེ་དག་གི་ནང་དོན་ནི་རྒྱལ་གཅེས་རིང་ལུགས་དང་། རྒྱལ་ཁབ་ཕྱི་ནང་གི་གནའ་གཞུང་རྩོམ་རིག  ཚན་རྩལ་ཁྱབ་གདལ་ཀློག་དེབ་སོགས་ཁྱབ་ཡོད་ཅིང་། སློབ་གྲྭའི་སློབ་ཕྲུག་རྣམས་ལ་བསམ་པའི་རྒྱག་ཕྱེ་གྱ་ནོམ་པ་གནང་ཡོད་པས། སློབ་ཕྲུག་ཚོའི་ཤེས་རྒྱ་སྔར་ལས་ཇེ་ཆེ་དང་། མཐོང་རྒྱ་སྔར་ལས་ཇེ་ཡངས་འགྲོ་ངེས་རེད། ཤེས་གསལ་ལྟར་ན། མིག་སྔའི་བར་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་17ལ་“ནན་ཁའེ་དཔེ་ཁང་”36བཙུགས་ཡོད་ཅིང་། དབུལ་ཕོངས་སློབ་ཕྲུག་ཁྲི་སྟོང་མང་པོས་སློབ་སྦྱོང་བྱས་ནས་ཤེས་ལྡན་པར་འགྱུར་བར་རོགས་སྐྱོར་ཆེན་པོ་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།