འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གསོ་རིག་གི་གཟུགས་གཞི་དབྱེ་འབྱེད་ངོས་འཛིན་མཉེན་ཆས་ནང་ཁུལ་དུ་ཚོད་ལྟའི་
    བཀོལ་སྤྱོད་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྨན་རྩིས་ཁང་དེས་གསར་སྤེལ་བྱས་པའི"བོད་ཀྱི་གསོ་རིག་གི་གཟུགས་གཞི་དབྱེ་འབྱེད་ངོས་འཛིན་མཉེན་ཆས"ནང་ཁུལ་དུ་ཚོད་ལྟའི་བཀོལ་སྤྱོད་བྱེད་འགོ་ཚུགས་པས་འབྲེལ་ཡོད་ཁྱབ་ཁོངས་ཞིབ་འཇུག་གི་སྟོང་ཆ་ཁ་སྐོང་གནང་བ་རེད།
         "ནད་མ་ཕོག་གོང་ལ་སྔོན་འགོག"ཅེས་པ་དེས་མི་སྒེར་གྱིས་ནད་སྔོན་འགོག་དང་ལུས་ཁམས་བདེ་སྲུང་བྱེད་དགོས་པ་དང་། ཟས་བཅུད་སྦྱོར་ནས་ལུས་ཁམས་གསོ་བར་བརྟེན་ནས་ནད་འགོག་ནུས་པ་ཆེ་རུ་བཏང་སྟེ་ནད་མ་བྱུང་སྔོན་འགོག་བྱེད་དགོས་དོན་ནན་བཤད་གནང་བ་རེད། བོད་ཀྱི་གསོ་རིག་གི་གསུང་རབ་གྲགས་ཅན་《རྒྱུད་བཞི་》ཞེས་པའི་ནང་དུ་ནམ་རྒྱུན་གྱི་འགྲོ་འདུག་དང་། བཟའ་བཏུང་། དུས་ཚིགས། ཚེ་སྲིང་བ། ལུས་གསོ་སོགས་ཕྱོགས་མང་པོའི་ཐད་ནས་ལུས་གསོ་བདེ་སྲུང་ལ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་དབྱེ་ཞིབ་གནང་བ་མ་ཟད། གཟུགས་གཞི་ཆགས་རིམ་དང་། རིགས་འབྱེད། ཁྱད་ཆོས་སོགས་ཕྱོགས་བསྡུས་ཀྱང་གནང་བ་རེད།
         2013ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་《རྒྱུད་བཞི་》ཡི་འབྲེལ་ཡོད་རིགས་པའི་གཞུང་ལུགས་དང་། དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས"བོད་ཀྱི་གསོ་རིག་གི་གཟུགས་གཞི་དབྱེ་འབྱེད་ངོས་འཛིན་མཉེན་ཆས"ཀྱི་རྩོམ་འབྲི་ལས་དོན་ལེགས་འགྲུབ་གནང་བ་མ་ཟད། བཟོ་བཅོས་དང་ཚད་ལེན་ཚོད་ལྟ་ཡང་ཡང་གནང་བ་བརྒྱུད། ཉེ་སྔོན་ཚོད་ལྟའི་བཀོལ་སྤྱོད་བྱེད་འགོ་ཚུགས་པ་རེད།
         བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི"ནད་མ་བྱུང་སྔོན་འགོག"ཚན་ཁག་གི་སྨན་པ་རབ་འབྱམས་པ་སྐལ་བཟང་ཆོས་སྒྲོན་གྱིས་མཚམས་སྦྱོར་གནང་བ་ལྟར་ན། "བོད་ཀྱི་གསོ་རིག་གི་གཟུགས་གཞི་དབྱེ་འབྱེད་ངོས་འཛིན་མཉེན་ཆས"ལ་བོད་རྒྱ་སྐད་གཉིས་ཀྱི་པར་གཞི་གཉིས་ཡོད་ཅིང་། དྲི་བ་དྲིས་ལན་འདེབས་པའི་ཚུལ་དུ་འབྲེལ་ཡོད་ཀྱི་གཞི་གྲངས་མཁོ་འདོན་བྱས་རྗེས་གཟུགས་གཞིའི་རིགས་དབྱེ་འབྱེད་ཐག་གཅོད་བྱས་ནས་ལུས་ཁམས་བདེ་སྲུང་དང་ནད་སྔོན་འགོག་ལུས་གསོ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་རེད། དེ་ནས་སྨན་རྩིས་ཁང་གིས་ད་དུང་ཁ་པར་གྱི་མཁོ་མཁན་ཕྱོགས་སོགས་འབྲེལ་ཡོད་ཉེར་སྤྱོད་གསར་སྤེལ་བྱེད་རྒྱུའི་འཆར་གཞི་བཀོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།