འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ཟླ་8ཚེས་21ཉིན་ནས་ཚེས་23ཉིན་བར་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད།
         འཚམས་འདྲི་གནང་རིང་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་དུ་མོང་གོལ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་འཐུས་ཚབ་དང་། རྒྱལ་གཉེར་སློབ་ཆེན། ཚན་རིག་ཁང་བཅས་ཀྱི་མཁས་པ་དང་། དེ་བཞིན་ས་གནས་དེ་གའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་པོ་བྱས་པ་དང་། ལས་རིགས་ཁག་ལ་ཀྲུང་གོའི་བོད་ལྗོངས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་རིགས་ཆོས་ལུགས་སྲིད་ཇུས་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན། ཀྲུང་གོས་རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ལྗོངས་ཀྱི་དམིགས་བསལ་ལ་གཞིགས་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པའི་ལེགས་འགྲུབ་བྱུང་བའི་བྱེད་སྟངས་བཅས་མཚམས་སྦྱོར་དང་རྒྱས་འགྲེལ་བྱས་པ་རེད།
         མོང་གོལ་ཕྱོགས་ཀྱིས་སྤེལ་རེས་ཚོགས་པས་མཚམས་སྦྱོར་བྱས་པའི་ཆ་འཕྲིན་ལ་སྤྲོ་བ་ཆེན་པོ་གནང་བ་དང་། སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་འདུན་པ་བསྟན་པ་མ་ཟད། གོ་སྐབས་ཡོད་ཚེ་བོད་ལྗོངས་སུ་ལྟ་སྐོར་འཚམས་འདྲི་གནང་བར་འགྲོ་རྒྱུའི་རེ་འདུན་ཡང་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།