འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་ཁ་གསབ་དངུལ་གྱི་ཚད་
    གཞི་མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ནོར་སྲིད་ཐིང་གིས་མཉམ་འབྲེལ་ཐོག་《རང་སྐྱོང་ལྗོངས་རིམ་པའི་འཐུས་ཚབ་རྒྱུན་འཛིན་པར་སྤྲོད་རྒྱུའི་ཁ་གསབ་དངུལ་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམས་པའི་ནང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་པའི་ཁ་གསབ་དངུལ་གྱི་ཚད་གཞི་དེ་མི་རེར་ལོ་རེ་ལ་སྒོར་5000ནས་སྒོར་10000བར་མཐོ་རུ་གཏོང་རྒྱུ་ཡིན་པ་འཁོད་ཡོད་པ་རེད།
         བརྡ་ཐོའི་ནང་། ས་ཁུལ་དང་ཚན་པ་ཁག་གིས་《བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཀྱི་ཆེད་དམིགས་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་》ཀྱི་གཏན་འབེབས་ལྟར། དུས་ཐོག་ཏུ་དངུལ་གྲངས་ཚང་བ་སྤྲད་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པ་བྱས་ཏེ། རྒྱུན་འཛིན་པར་གཟི་བརྗིད་དང་སྤོབས་པ་ཚོར་སེམས་སྔར་བས་འཕེལ་བར་བྱེད་པ་དང་། དགེ་ཕྲུག་འཁྲིད་ནས་ལག་རྩལ་སློབ་པའི་རྒྱུན་འཛིན་པའི་ཧུར་སེམས་དང་རང་རྟོགས་བསམ་པ་ཆེ་རུ་བཏང་སྟེ། རང་ལྗོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ༼ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།༽
      

    ཕྱོགས་བསྡུས་གསར་འགྱུར།