འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་དར་དམར་འཚེམ་དྲུབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་29ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ཏང་གི་དར་དམར་འཚེམ་དྲུབ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བ་དང"སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་བྱ་རྒྱུའི"སློབ་སྦྱོང་སློབ་གསོ་དོན་འཁྱོལ་གཏིང་ཟབ་པོ་བྱེད་ཆེད། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཨེ་ཤེ་ཡའི་ལུས་རྩལ་གྲོང་ཚོ་སྲང་ལམ་གྱིས"ང་རང་ཏང་ཡོན་ཡིན་པས་ང་རང་གིས་སྒྲུབ"ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཏང་ཉིན་བྱེད་སྒོ་སྤེལ་བ་རེད། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། སྡེ་ཁུལ་གྱི་གྲོང་མི་ཏང་ཡོན་རྒན་པ་ཚོས་ཏང་གི་སྒྲིག་ཡིག་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་གཏིང་ཟབ་གནང་ཞིང་། སྲང་ལམ་ཁོངས་གཏོགས་ཀྱི་ཀྲུང་ཧྭ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་གི་གྲངས་ཉུང་མི་རིགས་ཀྱི་ལས་བཟོ་པ་དང་ཏང་ནང་ཞུགས་རྒྱུར་ཧུར་བརྩོན་ཅན་ཚོས་མཉམ་དུ་ཏང་གི་དར་དམར་འཚེབ་དྲུབ་བྱས་ནས་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།