འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་གིས་ཆང་འགོག་བཀའ་རྒྱ་བཏང་བས་ད་སྐབས་རྒྱ་གར་དུ་ཆང་
    འགོག་བཀའ་རྒྱ་བཏང་ཟིན་པའི་མངའ་སྡེ་4ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་གར་གྱི་མངའ་སྡེ་ཞིག་གིས་ཆང་འགོག་བཀའ་རྒྱ་བཏང་བས་ད་སྐབས་རྒྱ་གར་དུ་ཆང་
འགོག་བཀའ་རྒྱ་བཏང་ཟིན་པའི་མངའ་སྡེ་4ཡོད་པ།
         མི་དམངས་དྲ་བའི་འཕྲིན། རྒྱ་གར་ཚགས་པར་ལས་རིགས་ཐུའོ་ལ་སི་ནས་ཟླ་5ཚེས་24ཉིན་གནས་འཕྲིན་སྤེལ་བ་ལྟར་ན། རྒྱ་གར་རྒྱལ་ཁབ་ཀྱི་པི་ཧར་མངའ་སྡེ་(比哈尔邦)ཡིས་ཟླ་བ་སྔོན་མའི་ནང་ཆང་འགོག་བཀའ་རྒྱ་བཏང་ཞིང་། བཀའ་རྒྱ་བཏང་རྗེས་ཡུན་རིང་མ་སོང་བར་ས་གནས་དེ་གའི་མི་ཁ་ཤས་རྒྱལ་མཚམས་ལས་བརྒལ་ནས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དུ་ཆང་འཐུང་བར་ཕྱིན་པ་རེད། པི་ཧར་མངའ་སྡེ་དང་བར་ཐག་ཉེ་བའི་བལ་ཡུལ་ལྷོ་རྒྱུད་ཀྱི་ལའོ་ཐ་ཧ་ཐེ་(劳塔哈特)ཡི་ཉེན་རྟོག་ཕྱོགས་ཀྱིས་བརྗོད་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེ་གའི་ཆང་ཁང་དུ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཞིང་། འདས་པའི་ཟླ་གཅིག་དང་ཕྱེད་ཀའི་རིང་བལ་ཡུལ་གྱི་ཆང་ཁང་དུ་ཆང་འཐུང་བར་ཡོང་མཁན་གྱི་རྒྱ་གར་པི་ཧར་མངའ་སྡེའི་མི་ཧ་ལམ་70བཀག་ཉར་བྱས་པ་རེད། མི་དེ་ཚོས་དངུལ་ཆད་སྤྲད་པ་དང་། དེ་ནས་བལ་ཡུལ་དུ་ཆང་འཐུང་བར་མི་ཡོང་བའི་དམ་བཅའི་ཡི་གེར་མིང་རྟགས་བཀོད་རྗེས་གློད་འགྲོལ་བཏང་བ་རེད།
         ཟླ་4ཚེས་5ཉིན་པི་ཧར་མངའ་སྡེ་སྲིད་གཞུང་གིས་རྒྱ་གར་དུ་ཐོན་སྐྱེད་བྱས་པའི་ཕྱི་རྒྱལ་གྱི་སྤུས་རྟགས་ཆང་ཚུད་པའི་ཆང་གི་རིགས་གང་ཞིག་ཡིན་ཡང་བཙོངས་མི་ཆོག་ཅིང་། བཀའ་རྒྱར་འཕྲལ་མར་ནུས་པ་ཐོན་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། པི་ཧར་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཉི་ཐི་ཧྲི་•ཁུའུ་མར་གྱིས"བུད་མེད་དང་། བྱིས་པ། ན་གཞོན་བཅས་ཀྱིས་སྔ་ནས་ད་བར་ཆང་འགོག་ལས་འགུལ་ལ་སྐུལ་འདེད་གཏོང་བཞིན་ཡོད"ཅེས་བརྗོད་པ་རེད། ཁོང་གིས་བཤད་ཚུལ་ལྟར་ན། དབུལ་པོ་ཚོས་ཆང་བཏུང་ན་ཁོ་ཚོའི་ཁྱིམ་ཚང་དང་ཕྲུ་གུ་ཚོར་སློབ་གསོ་གཏོང་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་ལ། ཁྱིམ་ཚང་གི་གཏུམ་སྤྱོད་འབྱུང་རྐྱེན་གཙོ་བོའང་རེད།
         འཇར་མན་གསར་འགྱུར་ཁང་གིས་པི་ཧར་མངའ་སྡེ་བརྩིས་ན། མིག་སྔའི་བར་རྒྱ་གར་དུ་མངའ་སྡེ་བཞི་ཡིས་ཆང་འགོག་བཀའ་རྒྱ་བཏང་བ་རེད་ཅེས་གནས་འཕྲིན་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།