འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྐྱིད་གྲོང་འགག་སྒོར་ཚོགས་པའི་ལམ་ཡིག་ཁྱེར་བའི་ནེ་པ་ལའི་འགྲུལ་པ་ཁག་
    དང་པོ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་སྐྱིད་གྲོང་འགག་སྒོར་ཚོགས་པའི་ལམ་ཡིག་ཁྱེར་བའི་ནེ་པ་ལའི་འགྲུལ་པ་ཁག་
དང་པོ་སླེབས་པ།
         མི་དམངས་དྲ་བའི་འཕྲིན། ས་ཚུགས་དེ་གའི་ལས་སྒྲུབ་ལས་སྒོ་ཁོའི་ཁོའོ་ཀྲང་ངག་བསྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ནེ་པ་ལ་ནས་ཀྲུང་གོར་ཡོང་བའི་འགྲུལ་པ་མི་གྲངས་30དེ་དག་ནི་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་བོད་དུ་ཡོང་བའི་ཆེད་ལས་རི་འཛེག་རུ་མི་ཡིན་པ་དང་། བོད་ཀྱི་གཞིས་རྩེ་སོགས་ས་ཆར་རི་འཛེག་བྱེད་སྒོ་སྤེལ་བར་བསྐྱོད་མཁན་ཡིན་ཞིང་། འདི་ནི་2016ལོའི་ཟླ་4ཚེས་12ཉིན་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ནས་ཀྲུང་གོར་ཡོང་བའི་ཚོགས་པའི་ལམ་ཡིག་ཁྱེར་བའི་ནེ་པ་ལའི་འགྲུལ་པ་ཁག་དང་པོ་དེ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།