འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མགོ་ལོག་ཀྲོའུ་ཡི་ཐང་གའི་རྒྱུན་འཛིན་པ་60“སློབ་ཆེན་འགྲིམ་པ”

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་ཐང་གའི་རྒྱུན་འཛིན་ཚོགས་སྤྱིའི་མགོ་ལོག་ཀྲོའུ་ཡི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་དུ་དངོས་སུ་སློབ་འགོ་ཚུགས་ཤིང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐང་གའི་སྒྱུ་རྩལ་བ་60མཐོ་རིམ་སློབ་གྲྭར་བསྐྱོད་ནས་དུས་ཡུན་ཟླ་གཅིག་གི་གསོ་སྦྱོང་དང་ལེན་བྱས་པ་རེད།
         གེ་སར་ཐང་ག་ནི་མགོ་ལོག་ཀྲོའུ་ཡི་མཚོན་བྱེད་རང་བཞིན་ལྡན་པའི་སྲོལ་རྒྱུན་བཟོ་རྩལ་དང་མཛེས་རྩལ་གྱི་གྲས་ཤིག་ཡིན་པ་དང་། གེ་སར་རིག་གནས་ཀྱིས་བརྗོད་གཞི་གཙོ་བོ་བྱེད་ཀྱི་ཡོད། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིང་གིས་རིག་གནས་པུའི་མངགས་བཅོལ་ལྟར་མཚོ་སྔོན་མི་རིགས་སློབ་ཆེན་དང་མཉམ་དུ་མགོ་ལོག་ཀྲོའུ་ཡི་གེ་སར་ཐང་གའི་རྒྱུན་འཛིན་ཚོགས་སྤྱིར་ཕྱོགས་པའི་གསོ་སྦྱོང་འཛིན་གྲྭ་ཆེད་མངགས་བཙུགས་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ཐོག་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཐང་གའི་ཆེད་ལས་དང་ཤེས་ལྡན་མི་སྣའི་ལེགས་ཆར་བརྟེན་ནས། རྒྱ་ཆེའི་སློབ་མ་རྣམས་ལ་རིག་གནས་བྱང་ཚད་དང་མཛེས་དཔྱོད་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱུན་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གསོ་སྦྱོང་སྐབས་སློབ་ཁང་གི་སློབ་ཁྲིད་དང་། ལག་ལེན་དངོས་ཀྱི་བཀོལ་སྤྱོད། མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་འཆད་ཁྲིད། ས་གནས་ས་ཐོག་གི་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དང་། ཐང་ག་འབྲི་རྩལ། དེང་རབས་ཀྱི་རི་མོ་འབྲི་བའི་རྨང་གཞིའི་རྩལ་ནུས། ཐང་གའི་ལུགས་སོགས་ནང་དོན་གཙོ་གནད་ཐོག་གསོ་སྦྱོང་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐང་གའི་རྒྱུན་འཛིན་པའི་ཚོགས་སྤྱི་ནི་མགོ་ལོག་ཀྲོའུ་ཡི་རིག་གནས་ཤེས་ལྡན་མི་སྣར་སྒྲིག་གཞི་ཚང་བའི་གསོ་སྦྱོང་བྱེད་པའི་རིག་གནས་པུའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན། གེ་སར་(མགོ་ལོག་)རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་ཆེད། རིག་གནས་པུས་2016ལོ་ནས་བཟུང་དུས་ཡུན་ལོ་གསུམ་སྤྱད་དེ་མགོ་ལོག་ཀྲོའུ་ཡི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་། རིག་གནས་སྒྲིག་བཀོད་དོ་དམ། དམངས་ཁྲོད་ཟློས་གར་ཚོགས་པའི་འཁྲབ་སྟོན། རིག་གནས་གསར་གཏོད་འཆར་འགོད་སོགས་ཐད་ཀྱི་ཤེས་ལྡན་མི་སྣ་མི་ཐེངས་1000ལ་གསོ་སྦྱོང་བྱེད་རོགས་བྱ་རྒྱུའི་གཏན་འབེབས་བྱས་ཡོད། དེ་གོང་ཧྲང་ཧའེ་སློབ་ཆེན་མཛེས་རྩལ་སློབ་གླིང་དང་། ནན་ཅིང་ཡུལ་སྐོར་ལས་རིགས་སློབ་གླིང་ལ་མངགས་བཅོལ་བྱས་ནས་མགོ་ལོག་ཀྲོའུ་ཡི་ལག་ཤེས་བཟོ་རྩལ་དང་། བོད་ཟས་གཡོས་སྦྱོར། ཨར་ཁང་དོ་དམ་མི་སྣ་བཅས་ལ་གསོ་སྦྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།